རི་ཀོན་ཆོས་འཁོར་དགོན་དུ་དྭང་བླང་གི་འཁོར་ཡུག་གཙང་བཟོའི་ལས་འགུལ།

དེ་ཡང་ཕྱི་ཟླ་ ༥ ཚེས་ ༢༢ རེས་གཟའ་ཉི་མར་ཡོ་ནཱ་ཁུལ་གནས་བཞུགས་རྒྱ་མོ་ཚང་བསྟན་འཛིན་ནོར་བུ་ལགས་བཟའ་མིའི་བརྒྱུད་བསྐུལ་བཅས་ཡར་འཕེལ་ཐུབ་བསྟན་ལགས། མཚོ་ནང་བློ་བཟང་ལགས། རབ་རྒྱས་བསོད་ནམས་ལགས། དགོན་པ་ཚེ་བརྟན་ལགས། ཕུར་བུ་སྟོབས་རྒྱས་ལགས་བཅས་ནས་ཞོགས་པ་ཆུ་ཚོད་ ༩༌༌༠༠ ནས་དགོང་དྲོ་ཆུ་ཚོད་ ༡༦༌༌༠༠ བར་རི་ཀོན་ཆོས་འཁོར་དགོན་གྱི་ཕྱི་ཕྱོགས་གཡས་གཡོན་དུ་དར་ཐག་རྙིང་པ་དང་རྩ་ཡན་རིགས་གཙང་མ་གང་ཡག་བཟོས་ཡོད་པ་དང། བོད་ཚོགས་སྐར་མ་ལགས་བཟའ་མི་གཉིས་ནས་ཉིན་གུང་བར་ཕྱག་རོགས་གནང་ཡོད། དགོང་དྲོ་ཆུ་ཚོད་ ༡༦༌༌༠༠ ཙམ་ལ་གནམ་གཤིས་འགྱུར་བ་དང་བཅས་བློ་ཁ་ཁེངས་བ་རང་བྱུང་མེད་ནའང་ཕྱི་ཟླ་ ༦ མཇུག་ཙམ་ལ་ཡང་བསྐྱར་ལས་འགུལ་སྤེལ་རྒྱུ་ཡིན་འདུག ཉིན་གུང་རྒྱ་མོ་ཚང་དབྱངས་འཛོམས་ལགས་ནས་ཞལ་ལག་ཀྲིང་མོག་དང་བཞེས་ཚལ་སོགས་གྲ་རྒྱས་གོ་བསྒྲིགས་ཞུས་ཡོད་འདུག་པ་དང་འགྲོ་སོང་ཇི་ཡོད་མཉམ་ཞུགས་གནང་མི་རྣམྶ་ནས་རྩིས་ཞུས་གནང་འདུག ད་རེས་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་ལས་འགུལ་འདི་རིགས་བསོད་ནམས་གསོག་རྒྱུ་དང་ཡ་རབས་བཟང་སྤྱོད་གང་ནས་མིག་ལྟོས་བཟང་པོ་འཇོག་ཐུབ་པའི་གནས་ཚུལ་བྱུང་འདུག འདྲ་དཔར་

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

2 དང་ 7 སྡོམས་རོགས།