ས་གནས་འཐུས་མི་རྣམས་ལ་གཟབ་སྦྱོང་གནང་བ་དང་རང་གཞུང་ཆོས་རིག་བཀའ་བློན་མཆོག་ལ་གུས་བསུའི་གསོལ་སྟོན་སྟབས་བདེ།

༢༠༡༢ ཕྱི་ཟླ་  ༧  ཚེས་  ༡༥  རེས་གཟའ་ཉི་མའི་ཞོགས་པ་ཚོུད་  ༡༠  ནས་ཉིན་རྒྱབ་ཚོུད་  ༣/༣༠  བར་སུད་སི་དང་ལེཀ་ཊེན་ཤཊཡན་བོད་རིགས་མི་མང་གི་ས་གནས་འཐུས་ཚོགས་སྐབས་བཅོ་ལྔ་པའི་འཐུས་མི་རྣམས་ལ་ཚོགས་གཞོན་བསམ་པ་ལགས་ནས་ས་གནས་འཐུས་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང།   ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་ལེའུ་བཅོ་བརྒྱད་དང་དོན་ཚན་ཞེ་བརྒྱད་ཡོད་པ་དེའི་ཐོག་གཟབ་སྦྱོང་གནང་བ་དང་།  དེ་རྗེས་རང་གཞུང་ཆོས་རིག་བཀའ་བློན་༸མི་རྗེ་པདྨ་ཆོས་འབྱོར་མཆོག་དང་དོན་གཅོད་ཁང་གི་ལས་བྱ་མཁར་སྡེ་བསྟན་འཛིན་བསམ་འཕེལ་ལགས་རྣམ་གཉིས་ཆིབས་བསྒྱུར་གནང་།  ཐོག་མར་ཚོགས་གཙོ་གང་གཞོན་ཚང་བློ་བཟང་ལགས་ནས།    སྐུ་མགྲོན་རྣམ་པ་དང་འཐུས་མི་རྣམ་པ་བཅས་པར་གུས་བཏུད་འཚམས་འདྲི་ཞུས་ཤིང།  ཆོས་རིག་བཀའ་བློན་མཆོག་མཛད་བྲེལ་ཆེན་པོ་ཇི་ཙམ་ཡོད་པར་ལྟོས་མེད་མགྲོན་འབོད་ཞུས་པ་བཞིན་གལ་ཆེར་དགོངས་བཞེས་ཀྱིས་སྐུ་ངལ་འཛེམས་མེད་ང་ཚོའི་ལས་ཁུངས་ནང་ཆེད་ཕེབས་དང་འཐུས་མི་རྣམ་པར་བཀའ་སློབ་ཟབ་རྒྱས་གནང་བར་ཐུགས་རྗེ་ཆེ་ཞུས།  བཀའ་བློན་མཆོག་ནས་བཀའ་བློན་ཁྲི་པའམ་སྲིད་སྐྱོང་༸མི་དབང་སྐོུ་བློ་བཟང་སེངྒེ་མཆོག་གི་དབུས་བཀའ་ཤག་གི་བཀའ་འབྲེལ་ལྟར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་དང་སྟབས་བསྟུན་བཀའ་བློན་རྣམ་པ་ཕྱོགས་ཕེབས་གནང་དགོས་ཁོངས་ཆོས་རིག་བཀའ་བློན་མཆོག་སུད་སི་དང།  ཨི་ཊ་ལི།  འཇར་མན།  ཨོསི་ཊིཡར། ཨིན་ལན་བཅས་སུ་ཆེད་ཕེབས་ཀྱིས་མི་མང་མཇལ་འཕྲད་དང་གནས་སྟངས་གཟིགས་ཞིབ་གང་ལེགས་ཐུབ་པའི་སྐོར་སོགས།  གཙོ་བོ་བཀའ་ཤག་གི་སྲིད་ཇུས་གྲུབ་འབྲས་མི་མང་ལ་གསལ་བཤད་གནང་རྒྱུ་དང་ས་གནས་མི་མང་གི་གནས་བབ་གཟིགས་རྟོགས་གནང་རྒྱུ་སོགས་བཀའ་ཤག་གི་དགོངས་གཞི་ལམ་སྟོན་ལྟར་ཐུགས་བློ་ཁེངས་པ་བྱུང་བ་བཅས་གསལ་བཤད་གནང་སོང་བ་དང།

  • དེ་རྗེས་བཀའ་འདྲི་བཀའ་ལན་གྱི་ལམ་ནས། 
  • བཙན་བྱོལ་སྒྲིག་འཛུགས་ཀྱི་སྲིད་ཇུས་གྲུབ་འབྲས་སྐོར།
  • དབུ་མའི་ལམ་གྱི་སྲིད་ཇུས་ལ་འགྱུར་བ་གང་ཡང་མེད་པ། 
  • བོད་རྒྱ་འབྲེལ་མོལ་དང་སྐུ་ཚབ་རྣམ་གཉིས་དགོངས་ཞུས་དགོངས་འཁྲོལ།
  • དྭང་བླང་དཔྱ་ཁྲལ་སྐོར་སོགས་གནས་ཚུལ་མང་པོ་ཞིག་གསལ་རྟོགས་ཐུབ་པ་བྱུང་སོང།


དེ་བཞིན་༸མི་རྗེ་བཀའ་བློན་མཆོག་ནས་འདི་ག་སུད་སི་དང་ལེཀ་ཊེན་སེཏཡན་བོད་རིགས་མི་

  • མང་ནས་ད་ཕན་གྱི་གྲུབ་འབྲས་ལ་བསྔགས་བརྗོད་གནང་དོན། 

འདི་གར་མི་ལོ་བཅུ་ཕྲག་གཉིས་ལ་ཉེ་བ་ནས་བཅའ་ཁྲིམས་ལེའུ་བདུན་པའི་དགོངས་དོན་ས་གནས་འཐུས་ཚོགས་ཚུགས་ཐུབ་པ།

  • མ་འོངས་བོད་ཀྱི་སོན་རྩ་བོད་ཕྲུག་རྣམས་ཀྱི་ཆེད་བོད་ཡིག་སློབ་གྲྭའི་སྒྲིག་འཛུཊ་ཡོད་པ།
  • རིག་གཞུང་ཆས་གོས་འཁྲབ་སྟོན་སོགས་ཟློས་གར་ཚོགས་པའི་སྒྲིག་འཛུཊ།
  • སྐད་ཡིག་གསུམ་ལྡན་གྱི་དྲ་རྒྱ་དང་།  མཚོན་ཕྲ་ཅན་གྱི་བོད་ཡིག་གསར་འཕྲིན།
  • དེ་བཞིན་འདི་གར་རྗེས་འབྱོར་བོད་རིགས་མང་དག་ཡོད་པ་རྣམས་དང་སྔོན་འབྱོར་རྣམས་འོ་ཆུ་མཉམ་འདྲེས་ལྟ་བུའི་མཐུན་བསྒྲིལ་དམ་ཟབ་འདུག་པ་བཅས་ནི་མིག་དཔེར་འོས་པའི་གནད་དོན་གལ་འགང་ཆེན་པོ་ཡིན་པའི་ཚང་མས་མུ་མཐུད་ཤུགས་གནོན་དགོས་པའི་བསྐུལ་མ་ཞིབ་ནན་གནང་སོང་བ་བཅས། ཕྱི་དྲོ་ཆུ་ཚོད་ ༦ པར་མི་མང་ལས་ཁུངས་ནང་དགོང་དྲོའི་གསོལ་ཚིགས་སྟབས་བདེ་ཞིག་འདེགས་འབུལ་ཞུས་པ་བཅས་ཀྱི་གནས་ཚུལ་སྙིང་བསྡུས་སུ།  སྒོ་སྤེ་ཡོན་ཏན།

འདྲ་པར་

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

6 དང་ 2 སྡོམས་རོགས།