ཡུ་རོབ་བོད་དང་མཉམ་དུ་ཡོད་ཅེས་པའི་ཡུ་རོབ་མི་མང་གི་ལས་འགུལ་ཆེན་མོ་དབུ་འཛུགས་གནང་འདུག
ཟླ་འདིའི་ཕྱི་ཚེས་གསུམ་གྱི་ཉིན་སུད་སིའི་ནང་ཡུ་རོབ་བོད་དང་མཉམ་དུ་ཡོད་ཅེས་པའི་ཡུ་རོབ་མི་མང་གི་ལས་འགུལ་ཆེན་མོ་སྟེ་གསུམ་བཅུ་དུས་དྲན་ལྔ་བཅུ་ང་དགུ་བ་སྲུང་གཙི་གནང་འགོ་འཛུགས་འདུག
ཐེངས་འདིའི་ཡུ་རོབ་མི་མང་གི་ལས་འགུལ་ཆེན་མོ་འདི་བཞིན་ཉིན་གསུམ་ལ་བསྟུད་མར་སྤེལ་འཆར་ཡོད་པ་བཞིན་ཉིན་གྲངས་དང་པོའི་ལས་འགུལ་ནི་སུད་སིའི་གྲོང་ཁྱེར་ཆེ་ཁག་སྟེ་ཇི་ནཱི་ཝ་དང་སྦན། ལོ་ཛན། ལའོ་སཱན། ཛོ་རིག ཝིན་ཏར་ཐཱོར།
ལོ་གྷ་ནཱོ་བཅས་སུ་ཟླ་འདིའི་ཕྱི་ཚེས་གསུམ་གྱི་ཉིན་རྒྱབ་ཆུ་ཚོད་གཉིས་པ་ནས་བཞི་བའི་བར་དུ་གནས་ཡུལ་རྒྱལ་ཁབ་ཀྱི་མི་མང་ལ་བོད་དོན་དྲིལ་བསྒྲགས་དང་ལྷག་པར་དུ་ཐོན་ལ་ཉེ་བའི་གསུམ་བཅུ་དུས་དྲན་ཏེ་བོད་ཀྱི་ལོ་རྒྱུས་ནང་མུན་ནག་གི་ཉིན་མོ་ཞེས་འབོད་པ་དེའི་རྒྱབ་ལྗོངས་ཀྱི་ལོ་རྒྱུས་ངོ་སྤྲོད་གནང་བ་དང་འབྲེལ་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་འགྲེམས་སྤེལ་གྱིས་བོད་དོན་ལ་རྒྱབ་སྐྱོར་དང་ཕྱི་ཚེས་བརྒྱད་ནས་བཅུ་བར་དུ་རང་ཁྱིམ་གྱི་ཉེ་འཁོར་གང་རུང་ལ་རྒྱལ་དར་སྒྲེང་འཛུགས་བྱ་དགོས་བའི་སྐུལ་སློང་ཡང་གནང་འདུག
ལས་འགུལ་སྤེལ་སའི་ས་གནས་ཁག་ནས་གནས་ཚུལ་ངོ་སྤྲོད་གནང་བ་ལྟར་ན་ཡུལ་མི་གང་མང་ཞིག་གིས་འགུལ་འདིར་རྒྱབ་སྐྱོར་ཡག་པོ་གནང་སོང་བ་མ་ཟད། རྒྱལ་དར་རང་ཁྱིམ་དུ་འཁུར་མཁན་ཚོས་རང་ཁྱིམ་གྱི་ཉེ་འགྲམ་དང་ཁྱམས་རའི་གཡས་གཡོན་དུ་རྒྱལ་དར་བཀལ་ཡོད་པའི་པར་འདྲ་མིན་ངོ་དེབ་སོགས་སུ་བཀོད་ཡོད་འདུག
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།