འཛུ་རིག་ཚོགས་ཆུང་།

༢༠༡༥ ཟླ་ ༡༠ ཚེས་ ༡༧ འཛུ་རིག་ཚོགས་ཆུང་གི་ཉིན་རྒྱབ་ཆུ་ཚོད་དང་པོ་དང་ཕྱེད་ཙམ་ལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སུད་སིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་གཙོས།སུད་སིའི་བོད་རིགས་མི་མང་གི་ཚོགས་གཙོ་གཞོན་གཉིས་དང་། སྤྱི་ཟུར་ཁག་ཅིགཚོགས་ཆུང་དེའི་ལས་དོན་ཐད་འགན་འཁུར་མྱོང་མཁན་རྣམས་ཚོགས་ཞུགས་ཀྱིས་མ་འོངས་ལས་དོན་བྱ་ཕྱོགས་དང་འབྲེལ་བའི་བགྲོ་གླེང་ཚོགས་འདུ་མི་མང་བརྒྱ་སྐོར་ཞིག་དང་ལྷན་དུ་འཚོགས།

སྐུ་ངོ་དངོས་གྲུབ་རྡོ་རྗེས་གསུངས་དོན།བོད་མི་མི་རེ་ངོས་ནས་རང་རང་གི་ས་གནས་ཀྱི་བོད་པའི་སྤྱི་ཚོགས་སུ་འཛུལ་ཞུགས་ཀྱིས་ལས་འགན་ལེན་མ་ཐུབ་པ་ཡིན་དེ་ནི་འཐུས་ཤོར་ཆེན་པོ་ཞིག་རེད་བསམ་གྱི་ཡོད།དབུས་བོད་མིའི་སྒྲིག་འཛུགས་དང་ས་གནས་སྒྲིག་འཛུགས་ཁག་ཡར་རྒྱས་ཀྱིས་ཆེད་དུ་ཚང་མས་ཤུགས་གནོན་རྒྱག་དགོས་པ་རེད་ཟེར།

དབུས་བོད་མིའི་སྒྲིག་འཛུགས་ཀྱི་ས་གནས་མི་མང་གི་ཆེད་དུ་གནང་ཐུབ་ཡ་ཚང་མ་གནང་ཡོད་པ་རེད།ལག་དེབ་ལྗང་ཁུ་ལྟ་བུར་མཚོན་ན་ཡང་ཕོ་མོའི་དབྱེ་བ་མ་གཏོགས་དོ་བདག་གིས་འདོད་མོས་ལྟར་ཚང་མ་དཔལ་འབྱོར་བཀའ་བློན་ས་གནས་རང་ལ་ཆེད་ཕེབས་ཀྱིས་འགྱུར་བ་བཏང་ཡོད་པ་རེད།འདི་ནི་སྒྲིག་འཛུགས་ཀྱི་ངོས་ནས་རང་གི་མི་མང་ལ་བདག་པོ་རྒྱག་སྟངས་ཀྱི་རྣམ་པ་གསལ་བོ་རེད་ཟེར།

སྤྱི་ཚེས་༡༨་ཉིན་༢༠༡༦ལོའི་སྲིད་སྐྱོང་དང་སྐབས་༡༦པའི་བོད་མི་མང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་ཤོག་ས་གནས་Binz་མི་མང་ཚོགས་ཁང་དུ་གོ་སྒྲིག་ཞུས།ས་གནས་འོས་བསྡུའི་འགན་འཛིན་དང་།ས་གནས་འཐུས་མི།འཐུས་མིའི་ལས་རོགས་བཅས་ནས་མི་མང་ལ་སྟབས་བདེ་ཡོང་ཆེད་ཞོགས་པའི་ཆུ་ཚོད་བརྒྱད་པ་ནས་གོ་སྒྲིག་གང་ལེགས་གནང་།

དགའ་འོས་པ་ཞིག་ནི་ས་གནས་མི་མང་གི་སྐབས་བཅུ་དྲུག་པའི་སྲིད་སྐྱོང་དང་སྤྱི་འཐུས་འོས་བསྡུ་ཆེན་མོ་དེ་བཞིན་གལ་ཆེན་དུ་བརྩིས་ནས་དོ་སྣང་ཆེན་པོས་ཞོགས་པའི་ཆུ་ཚོད་དགུ་བ་ནས་འགོ་བཙུགས་ཀྱི་ཕྱི་དྲོའི་ཆུ་ཚོད་གསུམ་དང་སྐར་མ་བཅོ་ལྔར་ཡོངས་སུ་བདེ་ལེགས་ངང་གྲུབ་ཡོད་པ་རེད།ཞིབ་བསྡུར་བྱེད་པ་ལྟར་ན་ཚོགས་ཆུང་འདིའི་སྤྱིའི་འོས་འཕེན་གྱི་ཚད་གཞི་ཐེངས་སྔོན་མ་ལས་བརྒྱ་ཆ་ལྔ་བཅུ་འཕར་ཡོད་པ་རེད།

ས་གནས་འཐུས་མིས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

9 དང་ 8 སྡོམས་རོགས།