འཐུས་ཚོགས་ཚོགས་ཀྱི་གོ་སྒྲིག་ཞུས་པའི་མཆོད་འབུལ་སྨོན་ལམ།

ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༢༦ ཉིན་སུད་སི་དང་ལིཀ་ཏེན་སི་ཊཡན་བོད་རིགས་མི་མང་འཐུས་ཚོགས་ཀྱི་གོ་སྒྲིགས་འོག་ཉེ་ཆར་བོད་ནང་སྐུ་ལུས་མེར་བསྲེགས་གནང་མཁན་རྒྱལ་གཅེས་དཔའ་མོ་བཙུན་མ་ཡེ་ཤེས་མཁའ་་འགྲོ་ལགས་དང་རྒྱལ་གཅེས་དཔའ་བོ་གནས་སྐྱབས་སམ་དམ་དཀར་ལགས་གཉིས་ཀྱི་གཙོས་ད་བར་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་རི་ཀོན་མཁན་རིན་པོ་ཆེ་གཙོས་སྐྱབས་གནས་དགེ་འདུན་པ་རྣམ་པ། དེ་བཞིན་སྐུ་ཚབ་དོན་གཅོད་མཆོག་དང་བོད་རིགས་མི་མང་ཚོགས་གཙོ་གཙོས་མི་མང་༢༠༠ ལྷག་འདུ་འཛོམས་ཐོག་མཆོད་འབུལ་སྨོན་ལམ་ཟབས་རྒྱས་ཞིག་སྔ་དྲོའི་ཚོུད་ ༡༡ ནས་ཚོུད་༡༣།༣༠ བར་ཉིན་གུང་ཞལ་ལག་སྟབས་བདེ་ཞིག་འདེགས་འབུལ་དང་བཅས་མཆོད་འབུལ་སྨོན་ལམ་འདི་བཞིན་ལེགས་གྲུབ་ངང་འཇུག་སྒྲིལ་གནང་སོང་།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

7 དང་ 3 སྡོམས་རོགས།