༸གོང་ས་མཆོག་གིས་རྒན་ཡོལ་ཞུ་རྒྱུ་དེ་ནི་བོད་སྤྱི་དོན་ལ་འགན་ཁུར་བཞེས་མིན་གསུངས་ཀྱི་མེད་པའི་སྐོར་ལ་བཀའ་སློབ་སྩལ་བ།

༸གོང་ས་མཆོག་གིས་རྒན་ཡོལ་ཞུ་རྒྱུ་དེ་ནི་བོད་སྤྱི་དོན་ལ་འགན་ཁུར་བཞེས་མིན་གསུངས་ཀྱི་མེད་པའི་སྐོར་ལ་བཀའ་སློབ་སྩལ་བ།
ཕྱི་ལོ་ ༢༠༡༠ ཕྱི་ཟླ་ ༡༢ ཚེས་ ༡༤སྔ་དྲོ་ཚོུད་ ༨་༣༠ ཐོག་༸གོང་ས་སྐྱབསམགོན་ཆེན་པོ་མཆོག་དགའ་ལྡན་ཐར་པ་ཆོས་གླིང་དགོན་ནས་ཀ་སྦུག་བོད་གཞུངསློབ་གྲྭར་༸ཞབས་སོར་འཁོད་སྐབས་སློབ་ཕྲུག་རྣམས་ནས་བཀྲིས་ཞོལ་པ་དང་གླུང་གཞས་ཀྱི་མཆོད་སྤྲིན་འབུལ་ལམ་ཞུས་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཏེ་སློབ་གྲྭའི་རྩེད་ཐང་དུ་གདན་འདྲེན་ཞུས། དེ་རྗེས་༸གོང་ས་མཆོག་གི་ཚོུད་ཕྱེད་ཀའི་རིང་སྒྲུབ་གཞག་མཛདད་དེ་ཚོུད་༩ ཐོག་ཀ་སྦུག་བོད་གཞུང་གི་རྩེད་ཐང་གི་མདུན་དུ་བསྒྚརོན་པའི་བཞུགས་ཁྲི་༸ཞབས་སོར་འཁོད་ནས་ནང་ཆོས་ངོ་སྤྲོད་དང་སྦྲགས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་ཟབ་མོ་བཀྲིན་སྩལ། དེ་ནས་༸གོང་ས་མཆོག་གིས་ཕྱེད་རྒན་ཡོལ་སྐོར་ལ་བཀའ་སློབ་ཕེབ་ས་དོན། ཕྱི་ལོ་༢༠༠༡ལོར་མི་མང་གི་མང་གཙོའི་ལམ་ནས་འོས་བསྡུས་བྱས་པའི་བཀའ་བློན་ཁྲི་པ་སླེབས་ཡོད་པས་གཙོ་བོའི་འགན་བཞེས་ཀྱི་ཡོད། ངོས་རང་ཕྱི་ལོ་ ༢༠༠༡ ལོ་ནས་བཟུང་ཕྱེད་རྒན་ཡོལ་ཞེས་རྟག་ཏུ་ཤོད་ཀྱི་ཡོད་དངོས་ཡོད་གནས་ཚུལ་ཡང་དེ་ཡིན།དཔེར་ན།དེ་སྔ་ཡིན་ན་བཀའ་ཤག་ནང་བཀའ་བློན་རྣམས་པའི་ལྷན་བདུན་ཕྲག་རེ་རེར་ཚོགས་ཀྱི་ཡོད། བཀའ་བློན་ཁྲི་པས་འགན་ཆ་ཚང་བཞེས་པ་བཟུང་དུས་དུས་ལ་བཀའ་བློན་ཁྲི་པ་མཇལ་གྱི་ཡོད་མ་གཏོགས། བཀའ་ཤག་ལྷན་རྒྱས་ཚོགས་ནས་གོ་བསྡུར་བྱེད་རྒྱུ་ཧ་ལམ་བྱུང་མེད།དེ་དག་ནི་ངོས་རང་ཕྱེད་རྒན་ཡོལ་ལ་བསྡད་པའི་རྣམ་པ་ལྟ་བུ་དེ་ཡིན། འོས་བསྡུ་བྱས་པའིོ་བཀའ་བློན་ཁྲི་པ་བཀའ་ཤག་ལྷན་རྒྱས་ཀྱིས་ངོས་རང་ཕྱེད་རྒན་ཡོལ་བསྡད་པ་དེས་རྐྱེན་བྱས་ཏེ་འཐུས་ཤོར་ཕྱིན་པ་ཏིལ་འབྲུ་ཙམ་བྱུང་མེད།ད་ཆ་ངོས་ནས་རྒན་ཡོལ་རང་བསམ་བློ་གཏོང་གི་ཡོད་ཅེས་ཤོད་རྒྱུ་དེ་ཡང་དེ་རང་ཡིན། ངོས་ནས་རྒན་ཡོལ་ཞེས་བོད་སྤྱི་པའི་དོན་ལ་འགན་ཁུར་མི་ལེན་རྒྱུ་དང་།སེམས་ཤུགས་ཆགས་པ་དེ་འདྲ་རྩ་བ་ནས་མིན། ངོས་རང་བོད་མིའི་སྤྱི་འབངས་ཤིག་ཆགས་ཡོད། བོད་མི་སྤྱི་བོ་གནམ་བསྟན་ཡོངས་ལ་བོད་སྤྱི་པའི་འགན་ཡོད་ཡོད་པ་རེད། ངོས་ལ་ཆ་བཞག་ནའང་གཞིས་ལུས་རྒྱ་ཆེའི་མི་མང་དང་དེ་བཞིན་བཙན་བྱོལ་བོད་མི་བརྒྱ་ཆ་དགུ་བཅུ་གོ་དགུས་ངོས་ལ་ཡིད་ཆེས་བློ་འགེལ་བྱེད་ཀྱི་ཡོད།དེར་བརྟེན་ངོས་ནས་བོད་དོན་བློས་གཏོང་དང་སེམས་ཤུགས་ཆག་ཏེ་སྡོད་རྒྱུ་རྩ་བ་ནས་ཡོང་མི་ཤེས།ངོས་ཀྱིས་ལོ་ངོ་ཉི་ཤུ་སུམ་ཅུའི་གོང་ནས་རྟག་པར་ཤོད་ཀྱི་ཡོད། ཁྱེད་རང་ཚོ་འགན་འཁྱེར་མཁན་ཚོས་འགན་ཆ་ཚང་འཁྱེར་ནས་༸རྒྱལ་བ་རིན་པོ་ཆེ་མེད་པ་ལྟར་ཆ་བཞག་སྟེ་འགན་གཙང་མ་འཁྱེར་དགོས་པ་ཡིན། དེ་ལྟར་བྱས་ན།ང་ཚོ་བཙན་བྱོལ་བའི་གནད་དོན་ཐོག་ལས་བྱེད་ཚོས་འགན་ཆ་ཚང་འཁྱེར་ཐུབ་ཀྱི་རེད་ལ་ངོས་ལས་ཀྱང་ཞིབ་ཚགས་པ་དང་མགོ་ཚོས་པ་ཡོང་གི་རེད། གང་ལ་ཟེར་ན། ལས་དོན་དེའི་སྟེང་དུས་ཚོད་བཏང་ནས་སདོད་ཀྱི་ཡོད།ངོས་ཀྱི་ཆོས་ལུགས་མཐུན་སྒྲིལ་སོག་ཀྱི་ཐོ་ལ་ཞབསའདེགས་གང་ཙམ་བསྒྲུབས་དང་སྒྲུབ་ནུས་ཡིན།དེ་དག་བོད་པའི་ནང་ནས་སྤྱིར་བཏང་བྱེད་ཐུབ་རྒྱུ་ཁག་པོ་ཡིན་སྟབས།ངོས་ནས་བྱེད་རྒྱུའི་གོ་སྐབས་ཕྲན་བུ་ཡོད་པ་བརྟེན། ངོས་ནས་དེ་ཚོའི་ནང་ནུསཔམང་ཙམ་བཏོན། ཚུར་ཕྱོགས་འདིར་བཙན་བྱོལ་སྒྲིགས་འཛུགས་ནང་དལྟ་ཡིནའང་། ངོས་རང་ཕྱེད་རྒན་ཡོལ་སྟེང་བསྡད་ཡོད་ལ་རིང་མིན་གྲོས་ཚོགས་ཚུགས་རྒྱུ་ཡིན། དེའི་ཐོག་ངོས་ནས་ཡིག་ཐོག་ནས་སྙན་སེང་ཞུ་དགོས་བསམ་ནས་བསྡད་ཡོད། རྒན་ཡོལ་ཞེས་ནམ་རྒྱུན་ཚོགས་འདུ་ཚོགས། གྲོལ་བྱེད་རྒྱུ་དང་རྩི་ཁྲར་ངོས་ནས་མིང་རྟགས་བཀོད་ཀྱི་ཡོད། དེ་ཚོས་གྲལས་༸རྒྱལ་བ་རིན་པོ་ཆེས་མིང་གནས་རྗེས་འབྲེལ་བྱས་ནས་རྒྱལ་ཁབ་གཅིག་གི་གཙོ་འཛིན་ལྟ་བུ་བྱེད་རྒྱུའི་འགྲོ་སྟངས་ཆགས་ཡོད་པ་དེ་ཚོ་བསྒྱུར་བཅོས་གཏང་སྟེ་བཙན་བྱོལ་སྒྲིག་འཛུགས་རང་ངོས་ནས་འགན་གཙང་མ་ཞིག་འཁྱེར་དགོས་ཀྱི་འདུག་ཅེས་པ་འདི་རིགས་མ་གཏོགས། ངོས་ནས་བོད་སྤྱི་པའི་དོན་ལ་འགན་ལེན་རྒྱུ་མིན་ཞེས་བརྫོད་ཀྱི་མེད། ཁ་ས་རྒྱ་གར་རྒྱལ་ས་དི་ལིར་གསར་འགྱུར་འགོད་མཁན་ཚོ་དང་སྐད་ཆ་ཞིག་བྱུང་བ་རེད། ངོས་ཀྱིས་དེ་ནམ་རྒྱུན་ནས་ཤོོད་ཀྱི་ཡོད། འོན་ཀྱང་གསར་འགྱུར་བགོད་མཁན་གྱི་སྐད་ཆ་གསར་པའི་བཟོ་ལྟར་བུ་གོ་ནས་དེ་ཁྱབ་ཆེན་པོ་ཞིག་བཟོས་རྐྱེན་རྒྱ་གར་ནང་གི་ལྷོ་ཕྱོགས་གཞིས་ཆགས་ཁག་ནས་ངོས་ལྙན་ཞུ་མང་པོ་ཞིག་འབྱོར་བྱུང་།ལྷག་པར་བོད་ནང་དུའང་འགན་ཞིག་གི་བློ་ཕམ་བྱེད་རྒྱུ་དེ་འདྲ་བྱུང་ཡོད་པ་འདྲ། བློ་ཕམ་བྱེད་དགོས་དོན་རྩ་བ་ཉིད་ནས་མེད། གནས་ཚུལ་དེ་འདྲ་ཡིན་པས་རིམ་པས་གསལ་པོ་ཆགས་ཀྱི་རེད། ཅེས་བཀའ་ཕེབས་ཡོད།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

1 དང་ 3 སྡོམས་རོགས།