ཕྱི་ལོ་ ༢༠༡༡ ཟླ་བ་ ༡༠ ཚེས་ ༡༥ ཉིན་རི་ཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་ཕུན་ཚོགས་བཀྲིས་དམ་ཉིད་ཀྱི་ཆེད་ལོ་མཆོད་དང་། བོད་ནང་རང་སྲོག་ཞུགས་འབུལ་གནང་བའི་རྒྱལ་གཅེས་དཔའ་པོ་རྣམས་ཀྱི་ཆེད་བསྔོ་སྨོན་ཟབ་རྒྱས་ཞུས་པ།
དེ་ཡང་སུད་སི་དང་ལེཀ་ཊེན་སྤྲཡན་བོད་རིགས་མི་མང་དང་རི་ཀོན་ཆོས་འཁོར་དགོན་གཉིས་ཀྱིས་གོ་སྒྲིག་འོག་ས་གནས་ཚོགས་ཆུང་སོ་ལུ་ཐུརན། ཐུར་སྦིན་ཐལ། སནཌི་གྷ་ལན་བཅས་ནས་རི་ཀོན་ཆོས་འཁོར་དགོན་དུ་ཕྱི་ཟླ་ ༡༠ ཚེས་ ༡༥ སྔ་དྲོ་ཆུ་ཚོད་ ༩་་༣༠ ནས་ ༡༢་་༠༠ བར་རིན་པོ་ཆེ་དམ་པ་ཉིད་དང་བོད་ནང་རང་གི་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་རྒྱལ་གཅེས་ལྷག་བསམ་གྱི་རང་ཉིད་ཀྱི་གཅེས་པའི་ལུས་སྲོག་མེར་བསྲེག་གིས་ཞི་རྒོལ་གནང་པ་ཁག་གི་ཆེད་མཆོད་འབུལ་ཟབ་རྒྱས་ཞུས་ཡོད་པ་དང་། དེ་ཉིན་མི་མང་ ༢༠༠ ལྷག་ཙམ་འདུ་འཛོམས་གནང་འདུག འཐུས་མི་ཚེ་རིང་ཚང་ཚེ་དབང་ལགས་ནས་ལས་རིམ་ངོ་སྤྲོད་ཀྱི་གསུང་བཤད་རོབ་བསྡུས་གནང་། གསོལ་ཇའི་བར་སེང་སྐབས་འཐུས་མི་སྟག་ཚང་མགོན་དགའ་ལགས་ནས་ཕྱག་དངུལ་དང་ཚོགས་རྫས། མཆོད་མེ་གསོལ་ཇ་སོགས་ཞལ་འདེབས་གནང་མི་རྣམས་ཀྱི་མཚན་གཞུང་བཀླགས་ནས་ཐུགས་རྗེ་ཆེ་ཞུས། མཁན་རིན་པོ་ཆེ་ཐུབ་བསྟན་ལེགས་སྨོན་མཆོག་ནས་མཁན་པོ་འདས་པོའི་མཛད་རྣམ་རོབ་བསྡུས་ཤིག་ངོ་སྤྲོད་དང་། བོད་ནང་རྒྱ་དམར་གྱི་སྲིད་བྱུས་དྲག་གནོན་ལ་མ་འདོད་པར་རྒྱལ་གཅེས་ན་གཞོན་དཔའ་པོ་རྣམས་ནས་གཅིག་མཇུག་གཉིས་མཐུད་རང་ལུས་ཞུགས་འབུལ་གནང་བར་རྗེས་དྲན་ཐུགས་སྨོན་ཐོག་བོད་ཀྱི་དཀའ་རྙོག་སེལ་ཐབས་ལ་རྒྱ་དམར་གྱི་འགོ་འཁྲིད་མཁྲེགས་བཟུང་ཅན་རྣམས་ཀྱི་བསམ་སྦྱོར་ངན་པ་ཞི་བ་བཅས་ཀྱིས་ཐུགས་སྨོན་ཤུགས་དྲག་གནང་རོགས་གསུངས།དེ་རྗེས་མཁན་རིན་པོ་ཆེ་སོགས་སྐུ་མགྲོན་རྣམ་པས་སྣེ་འཁྲིད་ཀྱི་དགོན་པར་ཞབས་སྐོར་ཐེངས་གསུམ་ཕེབས་ནས་མར་མེའི་ཁྲོམ་སྐོར་ཡང་གནང་ཡོད་པ་རེད། མཐའ་བསྡོམས་མི་མང་ཡོངས་ལ་ཉིན་གུང་གསོལ་ཚིགས་དཀར་སྐྱོང་འདེགས་འབུས་ཞུས་ནས་རེ་ཞིག་ལས་འགུལ་མཇུག་བསྒྲིལ་གནང་སོང་བའི་གནས་ཚུལ་སྙིང་བསྡུས་སུ། སྒོ་སྤེ་ཡོན་ཏན།འདྲ་པར་་་
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།