ཛུ་རིག་ཚོགས་ཆུང་གི་གཟའ་མཇུག་བོད་ཡིག་སློབ་གྲ་ནས་ ༧གོང་ས་མཆོག་དགུང་་གྲངས་༨༥་ལ་སོན་པའི་སྐུའི་འཁྲུངས་སྐར་སྲུང་གཙི།

ཕྱི་ལོ་ ༢༠༢༠ ཟླ་ ༠༧ ཚེས་ ༡༡ རེས་གཟའ་སྤེན་པའི་ཉིན་ཛུ་རིག་གཟའ་མཇུག་བོད་ཡིག་སློབ་གྲའི་འགན་འཛིན་དང་ཕྲུ་གུས་ཕ་མ་ཡོངས་ཀྱིས་གལ་ཆེར་དོན་ཆེར་གྱིས་། འཛམ་གླིང་ཞི་བདེ་དེད་དཔོན་སྤྱི་ནོར་ ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཕྱི་ལུགས་དགུང་གྲངས་ ༨༥ ལ་ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་པ་རེད།།

མཛད་སྒོ་དེ་བཞིན་ད་ལྟའི་ཏོག་དབྱིབས་ནད་ཡམས་ཀྱི་ཛ་དྲག་གནས་སྟངས་དང་འབྲེལ་སུད་སིའི་གཞུང་གི་ཁྲིམས་གཞིར་བཟུང་གིས་གོ་སྒྲིག་བྱས་ཡོད་པ་དང་ཆུ་ཚོད་ ༡༠།༣༠། ཐོག་ཛུ་རིག་ཨལ་ཧྥི་ལོ་ཏེན་སྤང་ཐོག་འདུ་འཛོམས་གནང་སྟེ་ བོད་རྒྱལ་ཁབས་ཆེན་པོའི་རྒྱལ་གླུ་དང་བདེན་ཚིགས་སྨོན་ལམ་འདོན་གནང་རྗེས་ ༧ གོང་ས་མཆོག་༧སྐུ་ཚེ་བཅོམ་ལྡན་ཚེ་མཐའ་ཡས་པའིངོ་བོར་བརྟན་ཞིང་། མཛད་འཕྲིན་ཉི་མའི་འོད་ཀྱི་འཛམ་གླིང་ཡོངས་ལ་ཁྱབ་པ་དང། ཐུགས་ཀྱི་བཞེད་དོན་མཐའ་དག་འབད་མེད་ལྷུན་གྱིས་་གྲུབ་པའི་རྟེན་འབྲེལ་ཆེད་གསོལ་འདེབས་དང་ ཕྲུ་གུ་རྣམས་པ་དང་ཕ་མ་རྣམས་པ་རྒྱུན་ལས་བཅས་ དར་དཀར་གཙང་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་འབུལ། དེའི་རྗེས་ཕྲུ་གུ་རྣམས་པས་ཞལ་གཞས་དང་ མང་ཚོགས་ནས་ ༧ གོང་ས་རྒྱལ་བ་རིན་པོ་ཆེའི་སྐུའི་ཞབས་བརྟན་རབ་འབྱམས་མ་དང་སྒྲོལ་མ་མ་ཎི་སོགས་འདོན་རྗེས་ ༧སྤྱི་ནོར་༧གོང་ས་རྒྱལ་བའི་དབང་པོ་མཆོག་གི་༧སྐུའི་དགུངས་གྲངས་ ༨༥ ཕེབས་པའི་འཁྲུངས་ལྷ་དབྱར་གསོལ་གྱི་དུས་ཆེན་རྒྱལ་ཁའི་ངང་མཇུག་བསྒྲིལ་སོང་།།
གསར་འགོད་པ་ཚེ་རིང་ཝང་དཀར།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

8 དང་ 1 སྡོམས་རོགས།