ཛུ་རིག་གྲོང་ཁྱེར་གྱི་རྒྱ་ནག་གཞུང་ཚབ་མདུན་སྐད་འབོད་གནང་།

ཕྱི་ལོ ༢༠༡༥ ཟླ་བ་ ༥ ཚེས་ ༡༨ རེས་གཟའ་ཟླ་བའི་དགོེང་དྲོ་ཕྱགས་ཚོད་ ༡༨ ཐོག་འཛུ་རིག་རྒྱ་མའི་གཞུང་ཚབ་འདུན་ཐང་དུ་སུད་སི་དང་།  ལིཀ་ཏེན་སིཊཡན་བོད་རིགས་མི་མང་ས་འཐུས་ནས་ཀུན་གཟིགས་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་གཙོས་བོད་མི་ཆབ་སྲིད་གཙོན་པ་རྣམས་གློད་གྲོལ་གཏོང་དགོས་པའི་སྐད་འབོད་གོ་སྒྲིག་ཞུས།  

དེ་ཡང་དེ་རིང་རི་ཀོན་ཆོས་འཁོར་གྱི་མཁན་རིན་པོ་ཆེ་མཆོག་དང་སྤྱི་སུར་རྣམས་པ་དང་སྐབས་བཅུ་དྲུག་པའི་ཚོགས་གཙོ་བགྲེན་གཞོན་གཙོས་ས་འཐུས་རྣམ་པ་ཡུ་རོབ་གཞོན་ནུ་ཚོགས་པའི་ཚོགས་གཙོ་དང་སུད་སི་བོད་ཀྱི་བུད་མེད་ཚོགས་གཙོ་ནེ་ལུང་དབྱངས་སྐྱིད་ལགས་དེ་བཞིན་སུད་བོད་མཐུན་ཚོགས་པའི་རྒྱུན་ལས་  Frau Karin   སུ་སི་བོད་ཀྱི་མི་རབས་གསར་པའི་ཚོགས་གཙོ་བཅས།   མི་གྲངས་༢༠༠  རྒལ་བ་འདུ་འཛོམས་གནང་།  ཐོག་མར་ས་འཐུས་བཀྲིས་ལགས་ནས་མཛད་རིམ་སྙན་སྒྲོག་གནང་། དེ་རྗེས་མི་མང་ཚོགས་གཙོས་ཞི་བའི་སྐད་འབོད་འདུ་འཛོམས་གནང་དགོས་དོན་སོགས་གསུང་བཤད་གནང་།

དེ་རྗེས་མི་མང་ནས་སྐད་འབོད་བོད་ཆིག་སྣ་ཚོགས་དང་ཚོགས་གཙོ་ཚོགས་གཞོན་གཉིས་ནས་རྒྱ་ནག་གཞུང་ཚབ་ལ་ཞུ་རྙན་ཕུལ།

འདྲ་པར་

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

9 དང་ 6 སྡོམས་རོགས།