ཚོགས་ཆུང་ཁག་གིས་བོད་དོན་ཞུ་གཏུགས་ལས་འགུལ་སྤེལ།

སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་སྒྲིག་འཛུགས་ཀྱིས་ངོས་ནས་སུད་སིའི་ས་གནས་བོད་རིགས་ཚོགས་ཆུང་ཁག་ལྔ་རེ་ལས་བསྒོའི་ཐོག་སུད་སི་ཇི་ནི་ཝ་མཉམ་འབྲེལ་རྒྱལ་ཚོགས་མདུན་དུ་བོད་དོན་ཞུ་གཏུག་གི་ལས་འགུལ་ཞིག་སྤེལ་བཞིན་པ་ལྟར། དེ་རིང་ས་གནས་ཚོགས་ཆུང་ཁག་ལྔས་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་ཡོད་འདུག

གོང་ཚེས་ཉིན་ས་གནས་ར་སྦ་སི་ཝེལ། ཡོ་ན། ཨུ་ཙི་ན་ཁི། ཝ་ཏི་ཝེལ། རུ་ཐི། ལུ་ཛན། ཛུ་གྷུ་བཅས་ས་གནས་ཚོགས་ཆུང་ཁག་གིས་སུད་སི་ཇི་ནེ་ཝ་མཉམ་འབྲེལ་རྒྱལ་ཚོགས་མདུན་དུ་བོད་དོན་ཞུ་གཏུག་གི་ལས་འགུལ་ཞིག་སྤེལ་གནང་ཡོད་འདུག ལས་འགུལ་འདིའི་ས་གནས་བོད་མི་གཙོས་པའི་མི་མང་ལྔ་བཅུ་ཙམ་མཉམ་ཞུགས་གནང་ཞིང་། ལས་འགུལ་ཀྱི་དགོས་དོན་ཁག་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་ཞུ་གཏུག་གནང་ཡོད་འདུག

གསར་འགོད་པ། ཙ་ཡུས་ཕུན་ཚོགས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

7 དང་ 7 སྡོམས་རོགས།