མདོ་ཁམས་ཆུ་བཞི་སྒང་དྲུག་མཛད་སྒོ་དང་བསང་གསོལ།

མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་འདི་ཉིད་ཕྱི་ལོ་ ༡༩༥༨ ཟླ་བ་ ༦ ཚེས་ ༡༦ ཉིན་ཛ་སག་དམག་སྤྱི་ཨ་འབྲུག་མགོན་པོ་བཀྲ་ཤིས་མཆོག་གིས་དབུ་ཁྲིད་དེ་བོད་ཀྱི་རྒྱལ་ས་ལྷ་སའི་ལྷོ་ཁུལ་ལྕགས་ཚ་གྲི་གུ་ཐང་དུ་དབུ་བརྙེས་ཡོད་ལ། དེ་ནས་བཟུང་བོད་རྒྱལ་ཁབ་དང་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་ཆུ་སྒང་གི་དཔའ་རྒོད་སྟོང་ཚོ་མང་པོའི་ཚེ་སྲོག་་ཤོར་ཡོད་པས་བཀའ་དྲིན་དྲན་གསོའི་ཆེད་ལོ་ལྟར་གོང་ཚེས་ཉིན་མདོ་ཁམས་ཆུ་བཞི་སྒང་དྲུག་གི་དབུས་ས་གཉིས་ཀྱིས་ངོས་ནས་འཛམ་གླིང་ཁྱོན་ཡོངས་ནས་རྒྱལ་སྤྱིའི་རང་བཞིན་ཅན་གྱི་དུས་དྲན་སྲུང་བརྩི་ཟབ་རྒྱས་ཞུ་བཞིན་ཡོད། འདི་གར་ཡུ་རོབ་སུད་སི་ས་གནས་ཆུ་སྒང་སྐབས་བཅུ་བཞི་པའི་རྒྱུན་ལས་ནས་གོ་སྒྲིག་འོག་ཆུ་སྒང་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༦༢ དང་ཡུ་རོབ་མདོ་ཁམས་ཆུ་སྒང་བཙུགས་ནས་ལོ་ངོ་ ༤༡ འཁོར་བའི་དུས་དྲན་སྲུང་བརྩི་ལྷན་གཅིག་ཏུ་རི་ཀོན་ཆོས་འཁོར་དགོན་དུ་ཕྱི་ལོ་༢༠༢༠ ཟླ་༦ པའི་ཚེས་༢༠ ཉིན་ཞུས་ཡོད་ཀྱང་། སྟབས་མ་ལེེགས་པར་འདི་ལོར་རྒྱ་ནད་ ༡༩ འདི་འཛམ་གླིང་གང་སར་ཁྱབ་ནས་ཛ་དྲག་གི་དཀའ་ངལ་འོག་གནས་ཡོད་སྟབས། དུས་དྲན་མཛད་སྒོའི་ཐོག་སྐུ་མགྲོན་ཁག་གཅིག་དང་རི་ཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་མཆོག་གེས་དབུས་དགེ་འདུན་རྣམ་པ། རྒྱུན་ལས་ཁོ་ན་ལས། སྔར་ལམ་བཞིན་ཆོལ་གསུམ་བོད་རིགས་སྤུན་ཟླ་ཡོངས་ལྷན་གཅིག་ཏུ་སྲུང་བརྩི་ཟབ་རྒྱས་ངང་ཞུ་ཐུབ་མི་འདུག། རི་ཀོན་ཆོས་འཁོར་དགོན་ཀྱི་དགེ་འདུན་རྣམ་པ་དབུ་བཞུགས་ཐོག་སྐུ་མགྲོན་རྣམ་པ་དང་རྒྱུན་ལས་ཡོངས་ནས་༧ གོང་ས་༧སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་བདག་སོགས་མཁའ་ཁྱབ་མ་རྒན་སེམས་ཅན་ཐམས་ཅད་ཀྱི་མགོན་དཔུང་དམ་པ་རུ་སྐུ་ཚེ་མི་བཤིགས་བསྐལ་བརྒྱར་བརྟན་ཅིང་རླབས་ཆེན་ཐུགས་ཀྱི་བཞེད་དགོངས་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པ་སོགས་ཀྱི་ཆེད་དང་། རྒྱལ་གཅེས་དཔའ་བོ་ཛ་སག་ཨ་འབྲུག་མགོན་པོ་བཀྲ་ཤིས་མཆོག་གིས་གཙོས་བོད་རྒྱལ་ཁབ་ཆེན་པོའི་རྩ་དོན་ཆེད་དུ་རང་གི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་བཏང་གནང་མཁན་འདས་གསོན་ཡོངས་ཀྱི་ཆེད་བླ་མ་མཆོད་པའི་ཚོགས་འབུལ་གནང་སོང།
སྐབས་དེར་རི་ཀོན་ཆོས་འཁོར་དགོན་པའི་མཁན་རིན་པོ་ཆེ་དགེ་བཤེས་ཐུབ་བསྟན་ལེགས་སྨོན་མཆོག་ནས་དུས་ཆེན་དང་འབྲེལ་བའི་གསུང་བཤད་གནང་རྗེས་སུ། ཡུ་རོབ་སུད་སི་ས་གནས་ཆུ་སྒང་ཚོགས་གཙོ་གདུགས་རྩ་ཚང་འོད་ཟེར་ནས་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཡོངས་ཁྱབ་གསུང་འཕྲིན་སྒྲོགས་སྦྱང་དང་དུས་ཆེན་དང་འབྲེལ་བའི་གསུང་བཤད་གནང་མཐར་ཡུ་རོབ་དང་ལྷོ་ཨ་ཕི་རི་ཀའི་ཁུལ་གྱི་སྤྱི་འཐུས་ཟམ་མདོ་བྱམས་པ་ཚེ་རིང་ལགས་ནས་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༦༡ འཁོར་བའི་དམིགས་བསལ་དུས་དྲན་སྲུང་བརྩིའི་མཛད་སྒོའི་ཐོག་དཔལ་ལྡན་བོད་མི་མང་སྤྱི་མཐུས་ལྷན་ཚོགས་ཀྱི་གསུང་འཕྲིན་སྒྲོགས་སྦྱང་དང་དུས་ཆེན་དང་འབྲེལ་བའི་གསུང་བཤད་གནང་མཐར། དགོན་པའི་མཆམ་རའི་ནང་དུ་དགེ་འདུན་པ་རྣམ་པའི་དབུས་སྐུ་མགྲོན་རྣམ་པ་དང་ཚོགས་བཅར་བ་ཡོངས་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་ནས་རྒྱལ་གཅེས་དཔའ་བོ་ཛ་སག་ཨ་འབྲུག་མགོན་པོ་བཀྲ་ཤིས་མཆོག་གིས་གཙོས་བོད་རྒྱལ་ཁབ་ཆེན་པོའི་རྩ་དོན་ཆེད་དུ་རང་གི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་བཏང་གནང་མཁན་འདས་གསོན་ཡོངས་ཀྱི་ཆེད་མྱ་ངན་ˌངག་བཅད་སྐར་མ་གཅིག་གནང་ནས་བོད་སྐྱོང་ལྷ་སྲུང་རྣམས་ལ་བསང་གསོལ་དང་གསེར་སྐྱེམས་མཆོད་ནས་ཀི་བསོ་ལྷ་རྒྱལ་བཅས་ཉིན་འདིའི་མཛད་སྒོ་རྒྱལ་ཁའི་ངང་ལེགས་འགྲུབ་བྱུང་ཡོད་འདུག།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

6 དང་ 3 སྡོམས་རོགས།