མཉམ་སྦྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་ཚོགས་ཆེན་ཐེངས་༡༨ཐོག་ལས་འགུལ་སྤེལ་བ།།

སུད་སི་དང་ལེག་ཊན་སྤྲཡན་བོད་རིགས་མི་མང་གི་གོ་སྒྲིག་འོག་བོད་ཀྱི་དངོས་ཡོད་གནས་སྟངས་རྟོགས་ཞིབ་ཆེད་རྒྱལ་སྤྱིའི་ཚོགས་པ་ཞིག་བོད་ནང་འཕྲལ་མར་གཏོང་དགོས་པའི་ལོ་གཉིས་ཅན་གྱི་ལས་འགུལ་ཞིག་སྤེལ་གནང་གི་ཡོད་པ་དང་ད་རེས་ལས་འགུལ་ཐེངས་ལྔ་པ་འདི་བཞིན་སྤྱི་ལོ་༢༠༡༡ ཟླ་ ༠༩ ཚེས་ ༡༢ ཉིན་ས་གསན་སང་གྷ་ལིན་ཊོར་གྷན་དང་ལུའུ་ཛན་གཉིས་ནས་མི་གྲངས་སུམ་ཅུ་ལྷག་ཙམ་གྱིས་ཇི་ནི་ཝ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་དུ་ཞོགས་པ་ཆུ་ཚོད་༡༡ ནས་ ༡༦ བར་   ༼ རྒྱ་དམར་གྱི་བོད་ནང་རིག་གཞུང་རྩ་གཏོར་མཚམས་འཇོག་དགོས།  China-Stop Cultural Genocide in Tibet    坚决反对中国政府灭绝西藏文化!   ༽

བརྗོད་གཞིའི་སྟེང་ལས་འགུལ་སྤེལ་བ་དང་ཐོག་མར་རྒྱལ་ཚོགས་ཀྱི་མདུན་ཐང་དུ་བོད་ཀྱི་རླུང་རྟ་དང་རྒྱལ་དར་སྦྱར་ཡིག་སོགས་བཀྲམས།  དེ་ནས་ལས་འགུལ་བ་རྒན་བྱིས་གཞོན་གསུམ་ནས་སོ་སོའི་མི་རིགས་ཀྱི་ཆས་གོས་བསྣམས་ཏེ་བོད་རྒྱལ་ཁབ་ཆེན་པའི་རྒྱལ་གླུ་ལེན།  དེ་རྗེས་རྒྱལ་བའི་ཞབས་རྟེན་དང་ཞལ་འདོན་བཅས་འདོན།  ལྷག་པར་རྒྱ་སྐད་དང་དབྱིན་སྐད་ཧྥ་རན་སི་སྐད་བཅས་མཁྱེན་པ་རྣམས་ནས་བོད་ཀྱི་དངོས་ཡོད་གནས་སྟངས་མཁྱེན་རྟོགས་ཆེན་ཕྱི་རྒྱལ་བ་རྣམས་ལ་ཡིག་ཆ་འགྲེམས་སྤེལ་དང་བོད་དོན་ལ་རྒྱབ་སྐྱོར་ཆེད་ས་ཡིག་བསྡུ་རུབ་བཅས་གནང་།  ལས་འགུལ་འགའ་ཞིག་ནས་རིག་གཞུང་དང་འབྲེལ་བའི་སྐོར་དུ་ཆོལ་གསུམ་གྱི་ཆས་གོས་ཕྱི་རྒྱལ་བ་རྣམས་ལ་འགྲེམས་སྟོན་དང་ངོ་སྤྲོད་དཔར་རྒྱག་ལེན་སོགས་ཁྱབ་བསྒྲགས་རྒྱ་ཆེ་ཞིག་སྤེལ་ལ་ད་ལྟ་བོད་ནང་སོ་སོའི་རིག་གཞུང་དང་ཆས་གོས་སྐད་ཡིག་སོགས་ལ་བེད་སྤྱོད་བྱ་རྒྱུའི་ཐོབ་ཐང་མེད་ལ་དེ་ལྟར་བྱས་ཚེ་རྒྱལ་ཁབ་ཁ་བྲལ་གྱི་ཉེན་མིང་འོག་བཙོན་འཇུག་དང་མནར་གཅོད་སྲོག་ཐོག་གཏོང་མུས་ཡིན་པའི་གསལ་བཤད་དང་ངོ་སྤྲོད་གང་མང་སྤེལ།  དེའི་ཉིན་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་༡༨ པ་དབུ་ཚུགས་གནང་བ་དང་ཚོགས་ཆེན་སྟེང་དོན་གཅོད་པ་བསྟན་འཛིན་བསམ་འཕེལ་ལགས་ཚོགས་ཞུགས་གནང་བ་དང་བར་གསེང་སྐབས་ལས་འགུལ་བ་རྣམས་ལ་ལམ་སྟོན་དང་གསུང་བཤད་གནང་།  དེ་རྗེས་རྒྱ་དམར་གྱིས་བོད་ནང་རིག་གཞུང་མཚམས་འཇོག་དགོས་ཞེས་པར་སྐད་འབོད་གནང་བ་བཅས་ཀྱི་གནས་ཚུལ་དུ།

འདྲ་པར་

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

2 དང་ 1 སྡོམས་རོགས།