མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་༤༥པ་ཚོགས་སྐབས་བོད་དོན་ལས་འགུལ་སྦེལ།
ཕྱི་ལོ་༢༠༢༠་ཟླ་༩་པའི་ཕྱི་ཚེས་༡༨་ཉིན་སུད་སིའི་ཇི་ནི་ཝར་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་༤༥་འཚོགས་སྐབས་བོད་མི་ཚོས་བོད་ནང་བོད་མི་ཚོར་འགྲོ་བ་མིའི་ཐོབ་ཐང་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པར་ངོ་རྒོལ་སྐད་འབོད་ཀྱི་ལུས་འགུལ་ཞིག་སྤེལ་གནང་སོང་།
ཐོག་མར་བོད་མི་ཚོས་ཇི་ནི་ཝ་མཉམ་འབྲེལ་རྒྱལ་ཚོགས་མདུན་ཐང་དུ་བོད་ཀྱི་རྒྱལ་གླུ་བཏང་རྗེས་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་དུ་སྐར་མ་གཅིག་རིང་ངག་བཅད་མྱ་ངན་ཞུས། སུད་སི་བོད་རིགས་མི་མང་གི་ཚོགས་གཙོ་མཚམས་མདའ་ནོར་བུ་མཆོག་ནས་ལས་འགུལ་ལ་མཉམ་ཞུགས་གནང་མཁན་སྐུ་ངོ་དོན་གཅོད་འཆི་མེད་རིག་འཛིན་མཆོག་དང་ཡོ་རོབ་ས་གནས་སྤྱི་མཐུས་སྐུ་ངོ་ཟམ་མདོ་བྱམས་པ་མཆོག་གཙོས་ཚང་མར་འཚམས་འདྲི་གནང་། ཏོག་དབྱིབས་ནད་ཡམས་ལ་མ་མཛེམ་པར་མཉམ་ཞུགས་གནང་མཁན་ཚང་མར་ཐུགས་རྗེ་ཆེ་གནང་ཞུས་བ་དང་།མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་སྤྱི་ཁྱབ་འགན་འཛིན་མཆོག་ལ་འབུལ་རྒྱུའི་ཞུ་གཏུག་ཕྱག་བྲིས་དེ་ལྗག་ཀློག་གནང།
དེ་ནས་དབྱིན་དྲུང་མཆོག་ནས་དབྱིན་སྐད་ཐོག་གསར་འགོད་གསལ་བསྒྲགས་ལྗག་ཀློག་གནང།
སྐུ་ངོ་འཆི་མེད་རིག་འཛིན་མཆོག་ནས་གསུང་གཤད་གནང་བའི་ནང་། ཉེ་ཆར་ཛུ་རིག་ཚོགས་ཆུང་ནས་གོ་བསྒྲིག་འོག་ཛུ་རིག་ནས་ཞི་བའི་གོམ་བགྲོད་ཕེབས་མཁན་དང་དེ་བཞིན་གོམ་བགྲོད་ཀྱི་ལས་འགུལ་སྤེལ་མཁན་དང་ཞུག་མཁན་ཡོངས་སུ་མངག་བརྗོད་གནང་རྒྱ་གཞུང་གིས་ཏོག་དབྱིབས་ནད་ཚར་ཁ་གཡར་ནས་བོད་མི་ཚོར་དམ་དྲག་ཤུགས་ཆེན་གནང་བཞིན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ནས་བོད་དོན་བདེན་མཐའ་སེལ་ཆེད་རྒྱ་ནག་གཞུང་ལ་གནོད་ཤུགས་ཕུལ་དགོས་པའི་འབོད་སྐུ་ཞུས།
སྤྱི་འཐུས་ཟམ་མདོ་བྱམས་པ་མཆོག་གི་གསུང་བཤད་ནང་། ཉེ་ཆར་རྒྱ་གར་ནང་འདས་གྲོངས་ཤོར་བའི་བོད་མི་དམག་མི་དམ་པ་ཁོང་གཤེགས་པ་མྱ་ངན་གུས་འདུད་དང་འདས་པོ་ཁོང་གི་ཉེ་ཆར་གནས་ཚུལ་རྒྱུད་རྒྱ་གར་རྒྱལ་ཡོངས་སུ་བོད་མི་ལས་གྲུབ་པའི་དམག་སྒར་ཡོད་པ་དང་རྒྱ་གར་ནང་ཡོད་པ་སོགས་གནས་ཚུལ་ཀྱང་གསལ་བསྒྲགས་ཤུགས་ཆེན་སོང་ཡོད་པ་སོགས་གསུང་སོང།
དེ་ནས་ཞི་བའི་གོམ་བགྲོད་ནས་ཕེབས་མཁན་དཔའ་བོ་ལྔ་པོ་གདན་འདྲེན་ཞུས་ཐོག་ཚོགས་གཙོ་མཆོག་ནས་བསྔགས་བརྗོད་དང་མཇལ་དར་ཉེ་ཆར་གོམ་བགྲོད་ཕེབས་མཁན་རྣམས་པ་རེ་རེ་བཞིན་མཚན་སྨྲས་སྟེ་བསྔགས་བརྗོད་དང་། སྐུ་ངོ་དོན་གཅོད་གཙོས་པའི་ས་གནས་ཚོགས་ཆུང་ཁག་ནས་མཇལ་དར་བསྒྲོན།
སུད་བོད་མཐུན་གྲོགས་ཚོགས་པའི་བརྒྱུད་ལམ་འགན་འཛིན་ (Dr. Uwe Meya) མཆོག་ནས་གསུང་བཤད་དང་།སུད་སི་བུད་མེད་ཚོགས་པའི་ཚོགས་གཞོན་ཁང་གསར་ནོར་འཛོམས་མཆོག་ནས་གསུང་བཤད་གནང།་གོམ་བགྲོད་སྣེ་ཁྲིད་པ་བསྟན་རྣམས་ཕུན་ཚོགས་མཆོག་ནས་ལམ་བར་ཚོགས་ཆུང་ཁག་གི་འཐུས་མི་གཙོས་པའི་བོད་རིགས་སྤུན་ཟླས་རྒྱབ་སྐྱོར་དང་མཐུན་བསྒྱུར་ལ་ཐུགས་རྗེ་བཀའ་དྲིན་ཆེ་གསུང།
གོམ་བགྲོད་ཕེབས་མཁན་རྣམས་པ་དང་དོན་ཁང་གི་འཕྲིན་ལས་་ཆོས་སྐྱིད་། བོད་རིགས་མི་མང་གི་ཚོགས་གཙོ་དང་ཛུ་རིག་གི་འཐུས་མི་བཅས་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་མི་སྐུ་ཞབས་Sébastien Gillioz ལགས་སུ་སྐུ་གཅར་གྱིས་སྙན་ཞུའི་ཡི་གེ་ཕྱག་ཏུ་ཕུལ་སྟེ་བོད་ནང་རྒྱ་དམར་གྱིས་སྡུག་བརྩུབ་གང་ཙམ་ངོ་སྤྲོད་དང་མུ་མཐུད་བོད་དོན་ཆེད་དུ་ཕྱག་རོག་གནང་བའི་རེ་སྐུལ་ཞུས་།
མཐར་རྒྱལ་བའི་ཞབས་བརྟན་དང་བདེན་ཚིག་སྨོན་ལམ་འདོན་གནང་ཞུས་སྟེ་ལས་འགུལ་མཇུག་སྒྲིལ་གནང་སོང།
གསར་འགོད་པ། ཝང་དཀར་ཚེ་རིང་།
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།