མཉམ་འབྲེལ་རྒྱལ་ཚོགས་མདུན་ཞི་རྒོལ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མི་ཡི་ཐོབ་ཐང་གི་ཚོགས་ཆེན་སྐབས་ ༢༩ པ་ཚོགས་བཞིན་པའི་གོ་སྐབས་དང་སྟབས་བསྟུན་སུད་སི་དང་ལིཀ་ཏེན་སིཊཡན་བོད་རིགས་མི་མང་གོ་སྒྲིག་འོག་དེ་རིང་ཕྱི་ཟླ་ ༦ པའི་ཚེས་༡༩ ཉིན་ཨར་གྷའོ། སྦ་སེལ། ཕ་ལ་ཝིལ། ཇི་ནི་ཝ་དང་བེརན་བཅས་ཚོགས་ཆུང་ལྔ་ཡི་མི་མང་ ༢༠༠ སྐོར་འདུ་འཛོམས་ཀྱིས་གཙོ་བོ་བོད་རྒྱ་ཞི་མོལ་གྱི་བརྗོད་གཞི་ཐོག་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་གཙོས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་ཡོངས་རྫོགས་མྱུར་ནས་མྱུར་གློད་གྲོལ་གཏོང་དགོས་པའི་སྙན་ཞུ་རྒྱལ་ཚོགས་སུ་ཕུལ་བ་སོགས་ཀྱི་ལས་རིམ་དང་བཅས་ཉིན་དེའི་ལས་རིམ་རྒྱལ་ཁའི་ངང་མཇུག་སྒྲིལ་ཞུས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

6 དང་ 4 སྡོམས་རོགས།