མ་ཧཱ་གུ་རུའི་འབུམ་ཚོགས་ཉིན་གསུམ་པ།

༢༠༡༧ ཟླ ༥ ཚེས་༢༧ ཉིན་ཏེ་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གི་གུ་རུ་འབུམ་ཚོགས་ཐེངས་བཞི་བའི་ཉིན་གསུམ་པའི་ཉིན། བྱང་རྩེ་ཆོས་རྗེ་རིན་པོ་ཆེ་མཆོག་དབུ་བླར་དབུ་བཞུགས་ཐོག་མ་ཧཱ་གུ་རུ་འབུམ་ཚར་གཅིག་བསགས་ཚར་བའི་མཇུག་སྐྱོང་མཛད་རིམ་འཚོག་གནང་ཡོད་འདུག

གོང་ཚེས་སུད་སི་དང་ལིག་ཏེན་སི་ཊཡན་བོད་རིགས་མི་མང་སྒྲིག་འཛུགས་ཀྱིས་ལོ་ལྟར་གོ་སྒྲིག་དང་ལས་རིམ་གཟིགས་སྐྱོང་གནང་བཞིན་པའི་སྐྱེ་འགྲོའི་བདེ་དོན་སྤྱི་སྨན་ཞབས་རིམ་མ་ཧ་གུ་རུ་འབུམ་ཚོགས་ཆེན་མོ་ཐེངས་བཞི་བའི་ཉིན་གསུམ་པར། སྐྱབས་རྗེ་བྱང་རྩེ་ཆོས་རྗེ་རིན་པོ་མཆོག་དབུ་བཞུགས་ཐོག་རི་ཁོན་ཆོས་འཁོར་དགོན་གྱི་མཁན་བླ་དགེ་འདུན་རྣམས་པས་གཙོས། སུད་སི་དང་ལིག་ཏེན་སི་ཊཡན་བོད་རིགས་མི་མང་གི་ཚོགས་གཙོ་སྦྲེལ་བོ་གཙོས་ས་གནས་འཐུས་མི་རྣམས་པ་དང་མི་མང་སུམ་བརྒྱ་ལྷག་མཉམ་ཞུགས་ཐོག་འདས་པའི་ཉིན་གསུམ་རིང་མ་ཧཱ་གུ་རུའི་མཚན་སྔགས་གྲངས་འབུམ་ཚར་གཅིག་བསགས་སྨོན་ལེགས་གྲུབ་ཡོང་བའི་མཇུག་སྐྱོང་མཛད་རིམ་སྐྱོང་གནང་ཡོད་འདུག

ཉིན་འདིའི་འབུམ་ཚོགས་ཀྱི་མཛད་རིམ་ཞོགས་པའི་ཆུ་ཚོད་༩ ཐོག་ཉིན་རྒྱབ་ཆུ་ཚོད་༣་བར་འཚོགས་གནང་ཡོད་པ་དང་། མཛད་རིམ་གྱི་མཐའ་མར་བྱང་རྩེ་ཆོས་རྗེ་རིན་པོ་ཆེ་མཆོག་གིས་འཐུས་མི་རྣམས་དང་། དམིགས་བསལ་ཐེངསས་འདིའི་ཞབས་རིམ་གྱི་སྔ་ཕྱིར་དང་བླངས་ལས་ཀ་གནང་མཁན་མི་མང་རྣམས། དེ་བཞིན་མིན་ཆོས་ཞུ་མི་མང་རྣམས་ལ་མཇལ་ཁ་གནང་ཡོད་འདུག་པ་མ་ཟད། མི་མང་སྒྲིག་འཛུགས་ཀྱི་ངོས་ནས་ཐེངས་འདིའི་སྤྱི་སྨན་ཞབས་རིམ་གྱི་འགྲོ་གྲོན་ཐད་སུད་སྒོར་ལྔ་བརྒྱ་ཡན་གྱི་ཞལ་འདེབས་གནང་མཁན་བསྟན་པའི་སྤྱིན་བདག་རྣམས་དང་། ལོ་མང་རིང་མ་ཧ་གུ་རུའི་འབུམ་ཚོགས་ཀྱི་ལས་དོན་སྔ་ཕྱི་བར་གསུམ་ནང་དང་བླངས་ལས་ཀ་གནང་མཁན་བསོད་ནམས་ལགས་བཅས་སུ་བསྔགས་བརྗོད་ལག་རྟགས་གསོལ་རས་ཤིག་གོ་སྒྲིག་གནང་འདུག་པ་སྐྱབས་རྗེ་བྱང་རྩེ་ཆོས་རྗེ་རིན་པོ་མཆོག་གིས་དགོས་སུ་གནང་ཡོད་འདུག

མཐར་ཚོགས་གཙོ་བསྟན་འཛིན་སྙིང་པོ་ལགས་ཀྱིས་མཇུག་སྡོམ་གཏམ་བཤད་དང་བཅས་ཐེངས་འདིའི་མ་ཧ་གུ་རུའི་འབུམ་ཚོགས་ཆེན་མོའི་ཐོག་མཐའ་བར་གསུམ་ལེགས་གྲུབ་བྱུང་བར་བསྔགས་བརྗོད་དང་བཅས་ལས་རིམ་མཇུག་བསྡུ་གནང་ཡོད་འདུག

གསར་འགོད་པ། ཙ་ཡུས་ཕུན་ཚོགས།

འདྲ་པར

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

2 དང་ 1 སྡོམས་རོགས།