མ་ཧཱ་གུ་རུའི་ཚོགས་འབུམ་ཆེན་མོའི་ཉིན་དང་པོ།

༄༅།   བོད་རྒྱལ་ལོ་  ༢༡༤༡  རབ་གནས་ཤིང་རྟ་དབོ་ཟླའི་ཚེས་  ༡༨  ཕྱི་ལོ་  ༢༠༡༤  ཟླ་  ༤  ཚེས་  ༡༨རེས་གཟའ་པ་སངས་ཉིན་བསམ་ལྷུན་ཚོགས་འབུམ་ཆེན་མོའི་ཉིན་དང་པོའི་མཛད་རིམ་དབུ་འཛུགས་ཞུས།

མི་མང་ ༢༥༠ སྐོར་འདུ་འཛོམས་དང་བཅས་ཚོགས་འབུམ་ཆེན་མོའི་དབུ་བླ་སྨིན་གླིང་མཁན་ཆེན་འཇིགས་མེད་རྣམ་རྒྱལ་མཆོག་དུང་རྒྱ་སྤོས་སྣེས་བསྔོན་བསུས་ཏེ་ཚོགས་ཁང་དུ་གདན་ཞུས། མཁན་ཆེན་མཆོག་ནས་རྟེན་གཙོར་༸སྙན་ཤལ་མཇལ་དར་སྒྲོན་འབུལ་དང་མཆོད་མེ་ཞལ་འབྱེ་གནང་། རི་ཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་མཆོག་དང།  མི་མང་ཚོགས་གཙོ། སྐུ་ཚབ་དོན་གཅོད་མཆོག  གོ་སྒྲིག་ཚོགས་གཙོ། ཚེས་བཅུ་ཚོགས་པའི་དབུ་བླ་བཅས་ནས་མཎྜལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་དང་སྦྲགས་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས།   གོ་སྒྲིག་ཚོགས་ཆུང་ཚོགས་གཙོས་དབུ་བླ་སྨིན་གླིང་མཁན་ཆེན་མཆོག་གི་མཛད་རྣམ་སྙིང་བསྡུས་སྙན་སྒྲོན་ཞུས།  དབུ་བླ་སྔ་འགྱུར་བསྟན་པའི་སྒྲོན་མེ་སྨིན་གླིང་མཁན་ཆེན་འཇིགས་མེད་རྣམ་རྒྱལ་མཆོག་ནས་མང་ཚོགས་ལ་བསམ་ལྷུན་ཚོགས་འབུམ་གྱི་ཕན་ཡོན་དང་འབྲེལ་ཀུན་སློང་བཟང་པོ་དགོས་པ་སོགས་ཀྱི་བཀའ་སློབ་ཟབ་ནན་གནང།  དེ་རྗེས་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོས་གུས་བསུའི་འཚམས་འདྲི་དང་འབྲེལ་མ་ཧཱ་གུ་རུའི་ཚོགས་འབུམ་ཆེན་མོའི་བྱུང་རིམ་སྙིང་བསྡུས་སྙན་སྒྲོན་ཞུས་བསྟུན་ཉིན་དང་པོའི་ཚོགས་འབུམ་དངོས་གཞི་དབུ་འཛུགས་ཞུས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

6 དང་ 8 སྡོམས་རོགས།