བོད་སློབ་འགན་འཛིན་ལྷན་ཚོགས་གསར་རྙིང་གཉིས་བར་ལས་འཁུར་རྩིས་ཁྲ་འབུལ་བཞེས་གནང་བ།

ཕྱི་ལོ་༢༠༡༥ལོའི་ཟླ་༤པའི་ཚེས་༡༡རེས་གཟའ་སྤེན་པའི་ཉིན་ཛུ་རིག་མི་མང་ལས་ཁུངས་སུ་སྐབས་བཅོ་ལྔ་པའི་བོད་སློབ་འགན་འཛིན་ལྷན་ཚོགས་ཀྱི་ལས་འཁུར་མཇུག་བསྒྲིལ་རྩིས་འབུལ་དང་སྐབས་བཅུ་དྲུག་པའི་ལས་འཁུར་རྩིས་བཞེས་གནང་བའི་ཚོགས་ཐོག་ཏུ་སྐབས་བཅོ་ལྔ་པའི་ཚོགས་གཞོན་ཟུར་པ་དང་སྐབས་བཅུ་དྲུག་པའི་ལས་ཐོག་ཚོགས་གཞོན་རྣམ་པ་གཉིས་དབུ་བཞུགས་ཐོག་བོད་སློབ་སྤྱི་ཁྱབ་འགན་འཛིན་ཟུར་པ་རྡོ་ཆུང་མགོན་པོ་ལགས་ནས་སྐབས་བཅུ་དྲུག་པའི་ལས་ཐོག་བོད་སློབ་འགན་འཛིན་དང་གསར་དུ་བདམས་ཐོན་བྱུང་བའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་ཐོག་ཏུ་ཕན་ཚུན་མཇལ་དར་འབུལ་བཞེས་དང་སྦྲགས་སྐབས་བཅོ་ལྔ་པའི་ལས་འཁུར་ཞུས་པའི་རིང་གི་གྲུབ་འབྲས་ལྡན་པའི་ལས་སྡོམ་གསུང་བཤད་གནང་དོན།

དང་པོ།   བོད་སློབ་ཐུན་མོང་ལ་བསླབ་གཞིའི་སློབ་དེབ་གཅིག་གྱུར་དང་དེ་འབྲེལ་གྱི་སློབ་ཁྲིད ཀྱི་བརྙན་འཁོར་སྒྲིག་བཟོ་ལེགས་འགྲུབ་བྱུང་བ།

གཉིས་པ། བོད་སློབ་ཐུན་མོང་ལ་གཅིག་གྱུར་གྱི་སྒྲིག་གཞི་གཏན་འབེབས་བྱུང་བ།

གསུམ་པ། ས་གནས་བོད་སློབ་ཀྱི་འབྲེལ་ཡོད་བོད་དགེ་ཚོར་སློབ་ཁྲིད་ཉམས་མྱོང་བརྗེ་རེས་ཀྱི་ཟབ་སྦྱོང་བཀོད་སྒྲིག།

བཞི་བ།   བོད་སློབ་ཁག་ནང་ཁུལ་བོད་སྐད་འགྲན་བསྡུར་གྱི་ལམ་སྲོལ་ལག་བསྟར་དོན་འཁྱོལ་བྱུང་བ།

ལྔ་པ།     བོད་སློབ་འགན་འཛིན་ལྷན་ཚོགས་ཀྱི་ལོ་རེའི་རྒྱུན་ལས་བསྐོ་བཞག་གནང་སྟངས་ཀྱིས་མཚོན་པའི་དོན་ཚན་ལྔ་ཡི་ཐོག་ལ་གྲུབ་འབྲས་མི་དམན་པ་བྱུང་བའི་སྐོར་ལ་དགའ་སྤོབས་ཆེན་པོས་ཐོག་ནས་མཇུག་སྡོམ་གནང་བ་དང་སྦྲགས་བོད་སློབ་ཀྱི་འབྲེལ་ཡོད་ཡིག་ཆ་དང་སློབ་དེབ།ཅ་དངོས་བཅས་མ་ཚང་བ་མེད་པའི་ཐོག་ནས་ཕན་ཚུན་རྩིས་ཁྲ་འབུལ་བཞེས་ཁམས་གཙང་དང་བཅས་བཀྲ་ཤིས་ལོ་ལེགས་ངང་ཚོགས་འདུ་མཇུག་བསྒྲིལ་གནང་བ་རེད།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

7 དང་ 6 སྡོམས་རོགས།