བོད་སྐད་རླུང་འཕྲིན་ཁང་ཁག་གི་མཛད་གཙོ་རྣམ་པ་ལྷན་རྒྱས་མཆོག་ལ།

དགོངས་པ་མངའ་གསལ་བཞིན་སུད་སི་དང་།  ལིཀ་ཏེན་སིཊཡན་གྱི་ས་གནས་འཐུས་མི་ཚོགས་འདུའི་འོས་བསྡུ་དེ་བཞིན་ཕྱི་ལོ་   ༢༠༡༥   ཟླ    ༡    ཚེས་   ༡༡   ཉིན་གྱི་ཚོུད་   ༠༩/༣༠ ནས་ཉིན་རྒྱབ་ཚོུད་   ༡/༣༠   བར་གནང་གཏན་འཁེལ་ཡོད་པ་དང་དངོས་གཞིའི་འོས་ཤོག་གྲངས་བཤེར་དེ་དག་དེ་ཉིན་གྱི་ཉིན་རྒྱབ་ཚོུད་  ༣  ནས་སུད་སི་དང་ལིཀ་ཏེན་སིཊཡན་བོད་རིགས་མི་མང་གི་ལས་ཁང་ནང་འོས་བསྡུ་འགན་འཛིན།  ཟུར་དཔང་དང་འོས་བསྡུ་ཚོགས་མི་ཡོད་ཐོག་གྲངས་བཤེར་གནང་སྟེ་དེ་ཉིན་གྱི་དགོང་དྲོ་རང་ལ་ས་འཐུས་འོས་འདེམས་བྱུང་བའི་ས་ཁུལ་ཚོགས་ཆུང་ ༢༣ གི་གྲུབ་འབྲས་ཇི་བྱུང་དུས་ཐོག་རྒྱང་སྲིང་ཞུས་ཟིན་པ་ལགས་ཤིང་།  སྐབས་དེར་ས་ཁུལ་ཚོགས་ཆུང་གཉིས་ལ་ས་འཐུས་འོས་འདེམས་མ་ཐུབ་པ་བསྐྱར་དུ་བཀའ་འཁྲོལ་ཞུས་ཐོབ་བཞིན་ཟླ་འདིའི་ཚེས་ ༢༥  ཉིན་འོས་བསྡུའི་འགན་འཛིན་མཆོག་དང་།  མི་མང་ཚོགས་གཙོ།  འོས་བསྡུའིན་ཟུར་དཔང་།  དེ་བཞིན་འོས་བསྡུའི་ཚོགས་མི་སོགས་ཆེད་ཕེབས་ཀྱིས་ལས་རིམ་ཟིན་པའི་གྲུབ་འབྲས་གཤམ་གསལ།

སྐུ་ཚབ་དོན་གཅོད་ཁང་ནས་བཀའ་ཕེབས་ལྟར།  ༢༠༡༥།༡།༢༥  ཉིན་ཚོགས་ཆུང་གཉིས་ལ་ས་གནས་འཐུས་མི་འོས་བསྡུ་བསྐྱར་དུ་གནང་སྟེ་གསར་འདེམས་བྱུང་བའི་འཐུས་མི་དང་སྒུག་ཐོ་གཤམ་གསལ་ལྟར་ཡིན་འདུག་པས་དེ་ནས་དྲ་ལམ་ཐོག་འདོན་གནང་ཡོད་པ་ཞུ།

 

གྷི་ལ་རུ་སི།

ཀརྨ་སྤང་རིང་།

འཐུས་མི་གསར་འདེམས།

 

 

ཁམས་པ་ཐུབ་བསྟན།

སྒུག་ཐོ།

 

 

སྤང་རིང་བཀྲིས།

སྒུག་ཐོ།

ར་པརསི་ཝིལ་ཡོ་ན།

ཀརྨ་འཕྲིན་ལས།

འཐུས་མི་གསར་འདེམས།

 

 

དགོན་པ་ཚེ་བརྟན།

སྒུག་ཐོ།

 

 

ཐུབ་བསྟན་ཏོ་བུ་ཚང་།

སྒུག་ཐོ།


མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

8 དང་ 6 སྡོམས་རོགས།