བོད་ལ་ཉམས་ཞིབ་ཚོགས་ཆུང་གཏོང་དགོས་པའི་འབོད་སྐུལ་ (UN SEND FACT FINDING MISSION TO TIBET) ལས་འགུལ་ཐེངས་ ༡༢ པ་ཇི་ནི་ཝ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་དུ་སྤེལ་བ།
ཞེས་པ་བོད་ལ་ཉམས་ཞིབ་ཚོགས་ཆུང་གཏོང་དགོས་པའི་བརྗོད་བྱ་གཙོ་བོའི་ཐོག་ཟླ་རེ་བཞིན་དོན་ཚན་མི་འདྲ་བ་རེའི་ཐོག་ལས་འགུལ་སྤེལ་བཞིན་ཡོད་པ་ད་རིང་ས་གནས་ཇི་ནི་ཝ་དང་ ། སྦ་སལ། སྦེརཎ། བཅས་ས་གནས་ཚོགས་ཆུང་གསུམ་ནས་ཆབ་སྲིད་བརྩོན་པའི་བརྗོད་བྱ་གསལ་བཏོན་གྱིས་ཞི་བའི་ལས་འགུལ་རྒྱ་མི་ཆུང་བ་ཞིག་སྤེལ་ཡོད།གོང་གསལ་ས་གནས་ཚོགས་ཆུང་གསུམ་ནས་མི་མང་བརྒྱ་མ་ཟིན་ཙམ་ཞོགས་པ་ཕྱག་ཚོད་ ༡༡།༠༠ ཐོག་འདུ་འཛོམས་ཀྱིས་ཐོག་མར་ས་གནས་སྦ་སལ་གྱི་འཐུས་མིས་ད་རིང་གི་ལས་འགུལ་ཇི་ཡིན་དང་དགོས་པ་རྒྱུ་མཚན་བཅས་ངོ་སྤྲོད་དང་སྦྲགས་དབུ་འཛུགས་ཞུས་ནས་བོད་རྒྱལ་ཁབ་ཆེན་པོས་རྒྱལ་གླུ་གཏོང་སོང། དེ་ནས་སུད་སི་དང་ལེཀ་ཊེན་སྤྲན་བོད་རིགས་མི་མང་གི་ཚོགས་གཞོན་བསམ་པ་དོན་གྲུབ་ལགས་ནས་གསུང་བཤད་གནང་། རིམ་བཞིན་མུ་མཐུད་དེ་ཞི་བའི་སྐད་འབོད་གནང་རྗེས་ཉིན་རྒྱབ་ཕྱག་ཚོད་ ༡༢།༣༠ ཐོག་ཇི་ནི་ཝ་སྐུ་ཚབ་དོན་གཅོད་ཁང་གི་ལས་བྱེད་ཟླ་བ་རྒྱ་མཚོ་ལགས་ཆེད་དུ་གདན་འདྲེན་ཞུས་པ་བཞིན་ཁོང་ནས་ད་ལྟའི་བོད་ནང་གི་གནས་སྟངས་དང་། རྒྱ་ནག་ནང་གི་གནས་སྟངས། དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་སྟངས་འགྲོ་ལུགས། མུ་མཐུད་ལས་འགུལ་སྤེལ་དགོས་པའི་རྒྱུ་མཚན། དམིགས་བསལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭའི་སྐོར་བཅས་བཀའ་སློབ་རྒྱས་ཤིང་རྒྱས་པ་གནང་། དེའི་རྗེས་ཚེ་འདས་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་བསྔོ་སྨོན་གསུངས། མུ་མཐུད་ཞི་བའི་ངོ་རྒོལ་གྱིས་མཐར་བདེན་ཚིག་སྨོན་ལམ་དང་ས་གནས་སྦེརཎ་གྱི་འཐུས་མིས་ཐུགས་རྗེ་ཆེའི་གཏམ་བཤད་དང་བཅས་མཇུག་བསྡོམས་ཞུས། ས་གནས་ཇི་ནི་ཝའི་ཚོགས་ཆུང་ནས་གསོལ་ཇ་འདེགས་འབུལ་བཅས་ཁྱོན་བསྡོམས་ས་གནས་ཚོགས་ཆུང་གསུམ་ནས་མཉམ་རུབ་མཉམ་ལས་ཀྱིས་ལས་འགུལ་གང་ལེགས་བྱུང་བ་ལགས་སོ།། འདྲ་པར་་
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།