བོད་མི་ཞི་རྒོལ་བར་རྒྱ་གཞུང་གིས་ཉེན་བརྡ་བཏང་འདུག

༄༅། །བོད་ཀྱི་བང་ཆེན། ལོ་འདིའི་ཕྱི་ཟླ་༢ པའི་ཚེས་༨ ཉིན། ཁམས་ནང་ཆེན་དུ་བོད་མི་བརྒྱ་ཕྲག་མང་པོས་བོད་ཆས་གྱོན་ཏེ་ནང་ཆེན་རྫོང་ཐོག་གི་ལུས་རྩལ་ར་བའི་ནང་འདུ་འཛོམས་ཀྱིས་བོད་དོན་ལས་འགུལ་སྤེལ་མཁན་ཚོར་ད་ལྟ་རྒྱ་ནག་གཞུང་གིས་རང་སྐྱོན་ངོས་ལེན་དགོས་པའི་བརྡ་ཁྱབ་ཅིག་བཏང་ཡོད་འདུག ཉིན་དེ་ས་གནས་ཀྱི་བོད་མི་གང་མང་འདུ་འཛོམས་ཀྱིས་རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས། བོད་ལ་རང་དབང་དགོས་སོགས་ཀྱི་སྐད་འབོད་བྱས་ཏེ་རྒྱ་གཞུང་ལ་ངོ་རྒོལ་བྱས་ཡོད་པ་དང་། དེ་སང་རྒྱ་ནག་གཞུང་གིས་ལས་འགུལ་དེའི་ནང་ཞུགས་མཁན་ཚོར་རང་སྐྱོན་ངོས་ལེན་བྱེད་དགོས་པའི་ཉེན་བརྡའི་བརྡ་ཐོ་ཞིག་འགྲེམས་སྤེལ་བྱས་ཡོད་འདུག ཤེས་རྟོགས་བྱུང་བ་ལྟར་ན། བརྡ་ཐོ་དེའི་ནང་“ཁྱེད་རང་ཕྱི་ལོ་༢༠༡༢ ལོའི་ཟླ་བ་༢ པའི་ཚེས་༨ ཉིན་ཚུལ་མིན་འདུ་འཛོམས་ཀྱི་ཟིང་ཆར་ཞུགས་ཡོད་པས། སྤྱི་བདེ་ལས་ཁུངས་ཀྱི་བརྡ་ཐོ་ལྟར་ཁྱེད་རང་༢༠༡༢ ལོའི་ཟླ་བ་༣ པའི་ཚེས་ སྔོན་ལ་་སྤྱི་བདེ་ལས་ཁུངས་སུ་ཡོང་ནས་རང་སྐྱོན་ངོས་ལེན་བྱེད་དགོས་པ་དང་། དེ་མིན་ཐག་གཅོད་ནན་མོ་བྱ་རྒྱུ་ཡིན་”ཞེས་འཁོད་ཡོད་འདུག བརྡ་ཡིག་དེ་མི་སྒེར་སོ་སོ་ལ་བཏང་པ་ཞིག་ཡིན་ནམ། ཡང་ན་ཡོངས་ཁྱབ་ཀྱི་བརྡ་ཡིག་ཡིན་མིན་ཁ་གསལ་མེད་པ་ཟད། ཟླ་བ་༣ ཙམ་ལས་ཚེས་གྲངས་ཀྱང་ཁ་གསལ་མཐོང་ཐུབ་ཀྱི་མེད་པ་རེད།།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

8 དང་ 9 སྡོམས་རོགས།