བོད་མདོ་སྨད་རེབ་གོང་དུ་བུ་མེད་རྟ་མགྲིན་འཚོ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་བ།

༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༧ ཉིན་བོད་ནང་གི་ཆུ་ཚོད་ ༥ དང་ཕྱེ་ཀ་ཙམ་ལ་བོད་མདོ་སྨད་རེབ་གོང་མདོ་བ་ཞང་སྒྲོ་རོང་པོ་སྡེ་བའི་སྒྲོ་ཚང་ཚོ་བའི་རང་ལོ་ ༢༣ ཡིན་པའི་བུད་མེད་རྟ་མགྲིན་འཚོ་ལགས་ཀྱིས་གད་དམར་ཐང་ནས་རང་ལུས་མེར་སྲེག་བཏང་སྟེ།  རྒྱ་གཞུང་གི་དྲག་གནོན་དབང་སྒྱུར་སྲིད་ཇུས་ལ་ཞི་རྒོལ་གནང་སྟེ་འདས་གྲོངས་སུ་གྱུར་འདུགརྒྱལ་གཅེས་པ་རྟ་མགྲིན་འཚོ་ལགས་ཀྱི་ཕའི་མིང་ལ་རྟ་མགྲིན་སྐྱབས་རང་ལོ་ ༥༠ ཡིན་པ་དང་། མའི་མིང་ལ་དཀོན་མཆོག་འཚོ་རང་ལོ་ ༤༤ ཡིན་འདུག འདས་པོ་ཁོང་ལ་བྱིས་པ་རང་ལོ་ ༥ ཅན་ཞིག་ཡོད་པའི་མིང་ལ་སྙིང་བྱམས་ཚེ་རིང་ཡིན་པ་དང་། དེ་མིན། ཁོ་མོར་མིང་སྲིང་གཉིས་ཡོད་པ་ལས་ནུ་བོ་ལྷ་མོ་སྐྱབས་རང་ལོ་ ༢༠ དང་། ནུ་མོ་རི་ལངས་མཚོ་རང་ལོ་ ༡༡ ཡིན་འདུགརྒྱལ་གཅེས་པ་རྟ་མགྲིན་འཚོ་ལགས་ཀྱིས་མེར་སྲེག་བཏང་བའི་གནས་ཚུལ་ཁྱབ་མ་ཐག དགོང་དྲོར་ས་རུབ་ཡོད་ནའང་འདབས་འབྲེལ་གྱི་མི་མང་སྟོང་ཕྲག་བརྒལ་བ་འདུ་འཛོམས་གནང་འདུག་པ་བཅས།།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

8 དང་ 8 སྡོམས་རོགས།