བོད་དོན་ཞི་བའི་གོམ་བགྲོད་ཉིན་བདུན་པ།

Photo: Stefan Manuel Weissen

དེ་རིང་ཕྱི་ཚེས ༡༠ ཉིན་ནི་སུད་སི་དང་ལིཀ་ཏེན་སིཊཡན་བོད་རིགས་མི་མང་ས་གནས་འཐུས་ཚོགས་ཀྱིས་གོ་སྒྲིག་ཞུ་བཞིན་པའི་གདུང་སེམས་མཉམ་བསྐྱེད་ཞི་བའི་གོམ་བགྲོད་དབུ་འཛུགས་གནང་སྟེ་ཉིན་བདུན་པ་ཡིན། ཉིན་འདིར་ཡང་གནམ་གཤིས་ཧ་ཅང་སྡུག་ཅིང་ཞོགས་པ་ནས་དགོང་ཁའི་བར་ཆར་བ་ཤུགས་ཆེན་བཏང་བ་དང་ལྷག་རླུང་ཤུགས་ཆེན་པོ་གཡུག་པ་དང་གོམ་བགྲོད་པ་རྣམས་ཀྱི་གྱོན་གོས་སོགས་ཆར་ཞོད་ཀྱིས་བརླན་ཞིང་གྲང་འདར་བརྒྱབ་པ་བཅས་དཀའ་ངལ་ཆེན་པོ་ཕྲད་ཀྱང་། གོམ་བགྲོད་པའི་ནང་གི་ལོ་ན་རྒན་ཤོས་དགུང་གྲངས་ ༧༠ སོན་ཡོད་པ་ཞིག་དཀའ་ངལ་གྱི་དབང་གིས་རླངས་འཁོར་ནང་ཕེབས་དགོས་བྱུང་སོང་བ་ལས།  གཞན་རྣམས་མུ་མཐུད་སྡུག་རུས་མཐར་སྐྱེལ་གྱིས་དགོང་དྲོའི་ཆུ་ཚོད་ ༦ བར་གོམ་བགྲོད་གནང་། གོམ་བགྲོད་པ་རྣམས་ས་གནས་ Aagau ནས་ Morgenthal བར་སྤྱི་ལེ་ ༢༧ ལྷག་ལ་གོམ་བགྲོད་གནང་དགོས་པ་བྱུང་ཡོད། དེ་རིང་གོམ་བགྲོད་ནང་མཉམ་ཞུགས་གནང་མཁན་སྐྱེས་པ་གྲངས་ ༤༥ དང་། བུད་མེད་གྲངས ༡༨ ཁྱོན་མི་གྲངས་ ༦༢ ། དེ་བཞིན་ལས་བྱེད་དྲུག་བཅས་མཉམ་ཞུགས་གནང་ཡོད། ཡིག་ཆ་གྲངས་ཆིག་སྟོང་ལྷག་འགྲེམས་སྤེལ་གནང་ཐུབ་ཡོད་འདུག   དེ་རིང་ས་གནས་སོ་ལོ་ཐོརན་གྱི་འཐུས་མི་ཚ་བ་བསོད་ནམས་དར་རྒྱས་ལགས་ནང་མི་དང་།  སྟག་ཚང་མགོན་དགའ་ལགས་ནང་མི་གཉིས་ཀྱིས་གོམ་བགྲོད་པ་རྣམས་ལ་དགོང་མོའི་ཞལ་ལག་ཤ་བག་ལེབ་གྲ་རྒྱས་བཏང་གནང་བར་བཀའ་དྲིན་ཆེ་ཞུ་གནང་རྒྱུ་བཅས་ཡིན། ཙ་ཡུལ་ཕུན་ཚོགས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

3 དང་ 5 སྡོམས་རོགས།