བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པ་ཚོགས་ཆུང་ཆ་བགོས་ཀྱིས་འཚོགས་བཞིན་པ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༢༣ ཉིན་རྡ་ས་བཞུགས་སྒར་གངས་སྐྱིད་ཁུལ་དུ་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་གཉིས་པ་ཚོགས་ཆུང་ཁག་བཅུར་ཆ་བགོས་ཀྱིས་ཚོགས་གཙོ་དང་ཚོགས་དྲུང་འདེམས་བསྐོས་ཐོག་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཁག་ལ་གོ་བསྡུར་དང་བགྲོ་གླེང་། དེ་བཞིན་ཚོགས་བཅར་བ་ཚོའི་དགོངས་ཚུལ་རྣམས་རེ་རེ་བཞིན་བསྡུ་རུབ་བཅས་གནང་དང་གནང་བཞིན་འདུག ༡༽ དེ་ཡང་ཚོགས་ཆུང་དང་པོའི་ཚོགས་གཙོ་སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་དང། ཚོགས་དྲུང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན། འཕྲོད་བསྟེན་དྲུང་འཕར་སྟོབས་རྒྱལ་ཚེ་རིང་ལགས་ཡིན་པ་དང་། ཚོགས་ཡུལ་ནི་བོད་མི་མང་སྤྱི་འཐུས་ལྷན་ཁང་གི་དཔེ་མཛོད་ཁང་དུ་ཡིན་འདུག ༢༽ ཚོགས་ཆུང་གཉིས་པའི་ཚོགས་གཙོ་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་འོད་ཟེར་ལགས་དང་། ཚོགས་དྲུང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་གཞོན་པ་འཇམ་དཔལ་སྨོན་ལམ་ལགས། ནོར་གླིང་རིག་གཞུང་གཅེས་སྐྱོང་ཁང་གི་སྐུ་ཚབ་ཡེ་ཤེས་དགའ་བ་ལགས་ཡིན་པ་དང་། ཚོགས་ཡུལ་ནི་བཀའ་ཤག་ཡང་སྟེང་མཇལ་འཕྲད་ཁང་དུ་རེད་འདུག ༣༽ ཚོགས་ཆུང་གསུམ་པའི་ཚོགས་གཙོ་སྤྱི་འཐུས་རྒྱ་རོང་ཟླ་བ་ཚེ་རིང་ལགས་དང་། ཚོགས་དྲུང་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས་ཡིན་པ་དང་། ཚོགས་ཡུལ་ནི་བཀའ་ཤག་ཡང་སྟེང་ཚོགས་ཁང་དུ་རེད་འདུག ༤༽ ཚོགས་ཆུང་བཞི་པའི་ཚོགས་གཙོ་ཀིརྟི་རིན་པོ་ཆེ་མཆོག་དང་། ཚོགས་དྲུང་ཨ་རི་ནས་ཕེབས་པ་ཤསྟྲི་པདྨ་ཚེ་དབང་ལགས། ཨ་རིའི་རྒྱལ་སའི་ཁུལ་གྱི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་སྐལ་ལྡན་བློ་གྲོས་ལགས་ཡིན་པ་དང་། ཚོགས་ཡུལ་ནི་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་རེད་འདུག ༥༽ ཚོགས་ཆུང་ལྔ་པའི་ཚོགས་གཙོ་བཀའ་ཟུར་པདྨ་ཆོས་འབྱོར་མཆོག་དང་། ཚོགས་དྲུང་བོད་ཀྱི་དགུ་བཅུ་གསུམ་གྱི་རྒྱུན་ལས་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ་ལགས། བདམས་ཐོན་སྤྱི་འཐུས་བསོད་ནམས་རྒྱལ་མཚན་ལགས་ཡིན་པ་དང་། ཚོགས་ཡུལ་གནས་ཆུང་གྲྭ་ཚང་གི་དཔེ་མཛོད་ཁང་དུ་རེད་འདུག ༦༽ ཚོགས་ཆུང་དྲུག་པའི་ཚོགས་གཙོ་སྤྱི་འཐུས་སྐལ་བཟང་རྒྱལ་མཚན་ལགས་དང་། ཚོགས་དྲུང་བདམས་ཐོན་སྤྱི་འཐུས་དགེ་བཤེས་སྐལ་བཟང་དགྲ་འདུལ་ལགས་ཡིན་པ་དང་། ཚོགས་ཡུལ་ནི་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་རྙིང་པར་རེད་འདུག ༧༽ ཚོགས་ཆུང་བདུན་པའི་ཚོགས་གཙོ་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་དང་། ཚོགས་དྲུང་བོད་ཀྱི་དཔེ་མཛོད་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས། སྤྱི་འཐུས་ཡེ་ཤེས་ཕུན་ཚོགས་ལགས་ཡིན་པ་དང་། ཚོགས་ཡུལ་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་གསར་པར་རེད་འདུག ༨༽ ཚོགས་ཆུང་བརྒྱད་པའི་ཚོགས་གཙོ་སྤྱི་འཐུས་སྨོན་མཁར་བསོད་ནམས་ཕུན་ཚོགས་ལགས་དང་། ཚོགས་དྲུང་བོད་ཀྱི་གསོ་བ་རིག་པའི་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་ཚེ་རིང་ཐག་གཅོད་ལགས། སྒྲོལ་དཀར་སྐྱབས་ལགས་ཡིན་པ་དང་། ཚོགས་ཡུལ་ནི་དབུས་སྨན་རྩིས་ཁང་གི་མཆོད་ཁང་དུ་རེད་འདུག ༩༽ ཚོགས་ཆུང་དགུ་པའི་ཚོགས་གཙོ་ཝར་ཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ངེས་སྟོན་པ་དགེ་བཤེས་ངག་དབང་བསམ་གཏན་ལགས་དང་། ཚོགས་དྲུང་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས། ཕ་རན་སི་བོད་རིགས་ཚོགས་པའི་ཚོགས་གཙོ་ཐུབ་བསྟན་རྒྱ་མཚོ་ལགས་ཡིན་པ་དང། ཚོགས་ཡུལ་ནི་དབུས་སྨན་རྩིས་ཁང་གི་མཐོ་སློབ་ཚོགས་ཁང་དུ་རེད་འདུག ༡༠༽ ཚོགས་ཆུང་བཅུ་པའི་ཚོགས་གཙོ་བཀའ་དྲུང་ཟུར་པ་བསམ་མཁར་བསྟན་པ་ཆོས་འཕེལ་ལགས་དང་། ཚོགས་དྲུང་བདམས་ཐོན་སྤྱི་འཐུས་འཇམ་དབྱང་བཟོད་པ་ལགས། ཤེས་རིག་ཟུང་དྲུང་ཀརྨ་སྨོན་ལམ་ལགས་ཡིན་པ་དང། ཚོགས་ཡུལ་ནི་ལས་བྱེད་གསོལ་ཐབ་ཡང་སྟེང་ཚོགས་ཁང་དུ་རེད་འདུག་པ་བཅས།།
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།