བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱི་རྒྱུན་ལས་སྐབས་གསུམ་པ།
ཕྱི་ལོ་༢༠༡༥ ལོའི་ཟླ་༡༢ ཚེས་༢༥་དང་༢༦ ཉིན་གཉིས་རིང་བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱི་རྒྱུས་ལས་སྐབས་གཉིས་པའི་ཚོགས་ཆེན་ཐེངས་གསུམ་པ་སུད་སི་གྲོང་ཁྱེར་ཛུ་རིག་ནང་འཚོགས་ཟིན་པ་དང་། ཚོགས་ཆེན་ཐོག་སྐབས་གསུམ་པའི་རྒྱུན་ལས་གསར་བ་འདེམས་ཐོན་བྱུང་ཡོད་འདུག
གོང་ཚེས་ཉིན་བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱི་རྒྱུན་ལས་སྐབས་གཉིས་པའི་ཚོགས་ཆེན་ཐེངས་གསུམ་པ་ཚོགས་འདུག་ལ། ཚོགས་ཆེན་ཐོག་རྒྱུན་ལས་རྣམས་ཀྱིས་གཙོས་ཚོགས་མི་རྣམས་མཉམ་འཛོམས་དང་། ཉིན་གཉིས་རིང་ཚོགས་པའི་ལས་བསྡོམས་དང་རྩིས་ཁྲ། གཞན་ཚོགས་པའི་ལས་དོན་གནང་ཕྱོགས་སོགས་ཀྱི་ཐད་བགྲོ་གླེང་དང་གྲོས་ཆོད་ཁག་ཅིག་བཞག་ཡོད་འདུག་པ་མ་ཟད། མཐུན་ཚོགས་ཀྱི་རྒྱུན་ལས་སྐབས་གསུམ་པ་བདམས་ཐོན་བྱུང་ཡོད་འདུག
བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱི་རྒྱུན་ལས་སྐབས་གསུམ་པའི་རྒྱུན་ལས་རྣམས་ནི། ཚོགས་གཙོ་མཁར་འཕགས་ལགས་དང་། ཚོགས་གཞོན་ཙ་ཡུས་ཕུན་ཚོགས་ལགས། དྲུང་ཡིག་བསྟན་རྣམ་ཕུན་ཚོགས་ལགས། གཉེར་པ་བཀྲ་ཤིས་ལགས། རྩིས་པ་བསོད་ནམས་རྒྱ་མཚོ་ལགས། དཔལ་འབྱོར་འགན་འཛིན་བསམ་གཏན་བཀྲ་ཤིས་ལགས། ལས་འགུལ་འབྲེལ་མཐུད་པ་དཔའ་བོ་ལགས་བཅས་ཡིན་འདུག
བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ནི་༢༠༡༡ ལོའི་ཟླ་༧ ཚེས་༣ ཉིན་སུད་སི་ནང་ གཞོན་སྐྱེས་ལྷག་བསམ་ཅན་ཁག་ཅིག་གིས་གསར་འཛུགས་གནང་བ་ཞིག་ཡིན་ལ། བཙན་བྱོལ་སྤྱི་ཚོགས་ནང་བོད་དོན་ལ་ཤ་ཚ་སེམས་ཁུར་ཡོད་པའི་བོད་པ་གང་མང་ཉམས་རུབ་བྱས་ཏེ། གོང་ས་མཆོག་གི་ཐུགས་དགོངས་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ལངས་ཕྱོགས་གང་ཡིན་ལ་རྒྱབ་སྐྱོར་གཙང་མ་ཡོད་པའི་ཐོག བཙན་བྱོལ་སྤྱི་ཚོགས་ནང་བོད་དོན་འཐབ་རྩོད་ཀྱི་སྟོབས་ཤུགས་ཁ་འཐོར་དུ་འགྲོ་གཞིའི་ལས་རིགས་སྔོན་འགག་དང་། བོད་རིགས་ནང་ཁུལ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་ཡོང་ཐབས་ཐད་ལས་འགུལ་ཅི་འོས་སྤེལ་བར་ཆེད་འཛུགས་གནང་བའི་ཚོགས་པ་ཞིག་ཡིན་འདུག
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།