བཙན་བྱོལ་བོད་མིའི་མང་གཙོ་དབུ་བརྙེས་ཏེ་ལོ་ངོ་ ༦༡ འཁོར་བའི་དུས་དྲན་སྲུང་བརྩི་གནང་།

སུད་སི་རི་ཀོན་སློབ་གྲའི་ཚོགས་ཁང། Schulhaus Rikon ཚོགས་ཁང་དུ་སྐུ་མགྲོན་རྣམས་པ་དང་འཐུས་མི་ལྷན་འཛོམས་ཐོག་༧གོང་ས་མཆོག་གི་སྐུ་པར་གདན་འདྲེན་ཞུས་རྗེས་༧རྒྱལ་བའི་ཞབས་བརྟན་འུར་འདོན་བྱས་ཐོག་འབྲས་སིལ་གསོལ་ཇ་འདེགས་འབུལ་དང། བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་རྗེས་མི་རིགས་ཀྱི་ཆེད་དུ་གཤེག་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་དུ་མྱ་ངན་སྐར་མ་གཅིག་གནང་།མཁན་བླ་དགེ་འདུན་རྣམས་པ་དང་མང་ཚོགས་ནས་༧རྒྱལ་བའི་ཞབས་བརྟན་དང་བདེན་ཚིགས་སྨོན་ལམ་འདོན་གནང་གྲུབ་རྗེས།

མང་་གཙོའི་་གཞས་མི་མང་ལངས་གླུ་བཏང་བ་དང་མི་མང་ཟློས་གར་ནས་བཀྲ་ཤིས་ཞོལ་པ་གཟིགས་འབུལ་ཞུས།

 

བོད་རིགས་མི་མང་གི་ཚོགས་གཙོ་ཀརྨ་ཆོས་སྐྱིད་མཆོག་ནས་མཚམས་འདྲི་དང་སྒྲགས་

བཙན་བྱོལ་བོད་མིའི་མང་གཙོ་དབུ་བརྙེས་ཏེ་ལོ་ངོ་ ༦༡ འཁོར་བའི་རྩ་ཆེའི་སྲུང་རྩི་ཞུ་ཡི་ཡོད་དུས་གཅིག་བྱས་ན་ནད་ཡམ་རྐྱེན་པས་ཡིན་སྲིད་ མི་མང་མཉམ་ཞུག་གནང་མཁན་ཏོག་ཙམ་ཉུང་རུ་ཕྱིན་པའི་ཚོར་སྣང་བྱུང། ༧གོང་ས་རྒྱལ་བ་རིན་པོ་ཆེས་མ་འོངས་བོད་ནང་མང་གཙོའི་ལམ་ལུགས་ཐོག་ནས་རྒྱུན་སྐྱོང་བྱེད་ཐབས་དམིགས་སྟེ་བཙན་བྱོལ་ནང་མང་གཙོ་འདི་གསོལ་སྩལ་གནང་བ་ངོས་ཟིན་པའི་ཐོག་ནས་མི་མང་གང་མང་མཉམ་ཞུགས་གནང་རྒྱུ་གལ་ཆེན་པོ་རེད་ལ་ བོད་ནང་དུ་བརྩི་སྲུང་བྱེད་མི་ཐུབ་པར་ཕྱི་སྡོད་བོད་མི་ངོས་ནས་ངེས་པར་དུ་བརྩི་སྲུང་དགོས་པ་དང་མཉམ་ཞུགས་དགོས་གལ་ཆེ་བར་གསུང།

སྐུ་ངོ་དོན་གཅོད་འཆི་མེད་རིག་འཛིན་མཆོག་གིས་འཚམས་འདྲི་ཐོག་ བཀའ་ཤག་གི་གསུང་འཕྲིན་ལྗགས་ཀློག་གནང། བོད་འདི་མཉམ་འབྲེལ་རྒྱལ་ཚོགས་ནང་མཉམ་ཞུགས་བྱ་རྒྱུ་རྗེས་ལུས་ཐེབས་ཡོད་རུང་ ལོ་རྒྱུས་ནང་བོད་འདི་རང་བཙན་གཙང་མ་ཡིན་པ་༧གོང་ས་སྐུ་ཕྲེང་ ༡༣ པས་གསལ་བསྒྲགས་གནང་ཡོད་ཀྱང་ བོད་འདི་བསོད་ནམས་ཀྱིས་མ་འདངས་པར་དབང་ཆ་འཐབ་རྩོད་ལ་མགོ་འཁོར་སྟེ་གནས་སྟངས་འདི་འདྲ་གྱུར་བ་རེད། ཏོག་དབྱིབས་ནད་ཡོམས་དང་ཐད་ཀར་འབྲེལ་བའི་གནས་སྟངས་ཞིག་གི་འོག་ད་ལྟ་འཕྲད་བཞིན་པའི་དཀའ་ངལ་འདི་མགོ་གཙོ་རྣམ་པས་མགྱོགས་ནས་མྱུར་དུ་སེལ་ཐབས་གནང་རོག་སཞེས་འབོད་བསྐུལ་གནང་སོང།

རི་ཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་མཆོག་ནས། ཉེ་ལམ་རི་ཀོན་དགོན་པའི་ཐབ་ཚང་དང་མཆོད་བཤམ་སོགས་བཞེངས་ལེགས་ཡག་པོ་གྲུབ་ཡོད་པ་དང་ ད་ལྟའི་བཙན་བྱོལ་ནང་གི་གནས་སྟངས་འདི་ཀ་བ་གསུམ་གྱི་མཛད་གཙོ་རྣམས་པས་ཐུགས་འགན་གཞེས་པའི་ཐོག་ནས་༧གོང་ས་མཆོག་གི་བཀའ་དགོངས་བསྒྲུབས་ཐུབ་པ་གནང་རོགས། སྤྱི་པའི་ལས་དོན་འཐུས་ཤོར་སོང་བ་ཡིན་ན་ཁྲིམས་དང་སྒྲིགས་གཞི་ཤོད་ས་སྡད་ཡོད་པ་མ་རེད་ ཚང་མས་ཧུར་ཐག་ཐོག་ནས་ཐབས་ལམ་སེལ་ཡ་ལ་འབད་བརྩོན་གནང་རོག་ཞེས་ཐུགས་ཚབས་ཆེན་པོས་དགོངས་ཚུལ་གསུང་གནང་སོང།

ཚོགས་གཞོན་བསྟན་འཛིན་དབང་འདུས་མཆོག་གིས་སྐབས་ ༡༨ མགོ་འཛུག་ནས་དུས་ཡུན་ཟླ་བ་ ༦ ཙམ་སོང་བའི་ནང་ལས་དོན་འཐུས་ཤོར་མེད་པ་བསྒྲུབས་དང་བསྒྲུབ་མུས་ཐོག་ མི་མང་ལག་ཁྱེར་ཞིག་བཟོ་ཐབས་བྱེད་ཀྱི་ཡོད་པ་གསུངས་གནང་སོང་།

དེའི་རྗེས་ཟློས་གར་སྤྱི་ཁྱབ་འགན་འཛིན། དངས་བླངས་དཔྱ་ཁྲལ་འགན་འཛིན།

བོད་སློབ་སྤྱི་ཁྱབ་འགན་འཛིན། གསར་འཕྲིན་དྲ་རྒྱའི་འགན་འཛིན། རྩིས་པ།

དངུལ་གཉེར་ལགས། ཕྱི་འབྲེལ་ལགས། ཡོ་རོབ་གཞོན་ནུ་མཐུན་ཚོགས། སུད་སི་བོད་ཀྱི་བུད་མེད་ཚོགས་པ། སུད་བོད་མཐུན་གྲོགས་ཚོགས་པ། བཅས་ཀྱིས་ལོ་འཁོར་ལས་བསྡོམས་སྙན་སྒྲོན་ཞུས།

དེའི་རྗེས་སྐུ་ངོ་དོན་གཅོད་མཆོག་ནས་སྐབས་ ༡༧ ཚོགས་གཙོ་སྤྲེལ་པོ་དང་ས་འཐུས་རྣམ་པར་བོད་མི་སྒྲིགས་འཛུགས་སྐབས་ ༡༦ སྤྱི་འཐུས་ལྷན་ཁང་གི་ཕྱག་ཁྱེར་དང་ སྐབས་གོང་མའི་ཕྱི་འབྲེལ་ལས་ཁུངས་གི་ཕྱག་ཁྱེར་ས་གནས་འཐུས་མི་རྒྱུན་ལས་བཅས་སུ་གནང་སོང།

ཆོལ་ཁ་གསུམ་དང་མི་མང་ཟློས་གར་ནས་གཞས་སྣ་འཁྲབ་སྟོན་གནང་

དགོས་དྲོའི་གསོལ་ཚིགས་བར་གསེང། དྲི་བ་དྲི་ལན་གྱི་ལས་རིམ།

ལས་རིམ་སྟངས་འཛིན་པས་དྲི་བ་དྲི་ལན་གྱི་ལས་རིམ་མཇུག་བསྡོམས་གནང་རྗེས་ལས་རིམ་གཙོ་སྐྱོང་བས་ཐུགས་རྗེ་ཆེའི་གསུང་བཤད་རྗེས་ལས་རིམ་མཇུག་བསྡོམས་གནང།

ནེ་ལུང་ཚེ་རིང་སྟོབས་ལྡན་ལགས་ནས་སྣེ་ཁྲིད་ཀྱིས་མང་ཚོགས་ནས་གོར་གཞས་དང་མཛད་རིམ་རྒྱལ་ཁའི་ངང་མཇུག་བསྒྲིལ་སོང།

གསར་འགོད་པ་ ཝ་དཀར་ཚེ་རིང།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

2 དང་ 3 སྡོམས་རོགས།