བཙན་བྱོལ་བོད་གཞུང་གི་ཤེས་ཡོན་སྲིད་བྱུས་ཀྱི་དགོས་མཁོ་དང༌། དེའི་འགྲུབ་འབྲས་སྐོར་བཀའ་སློབ།

༄༅། །ཕྱི་ཟླ་ ༤ ཚེས་ ༩ དགོང་དྲོར་སུད་སི་དང་ལེཀ་ཊེན་སྤྲཡན་བོད་རིགས་སློབ་གྲྭའི་སྒྲིག་འཛུགས་ཀྱི་གོ་སྒྲིག་འོག བོད་སློབ་འགན་འཛིན་ཚོ་དང་ཕ་མ་སྷན་རྒྱས་རྣམས་གཙོ་བོར་གྱུར་པའི་བོད་རིགས་བརྒྱ་སྐོར་ཙམ་ལ་སློབ་དཔོན་ཆེན་པོ་མཁས་དབང་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་བཙན་བྱོལ་བོད་གཞུང་གི་ཤེས་ཡོན་སྲིད་བྱུས་ཀྱི་དགོས་མཁོ་དང༌། དེའི་འགྲུབ་འབྲས་སྐོར་བཀའ་སློབ་བཀྲིན་བསྐྱངས་རྗེས་ཚོགས་བཅར་བ་འགས་བརྗོད་གཞི་དང་འབྲེལ་བའི་ཐོག་ལ་བཀའ་དྲི་ཞུ་རྒྱུའི་གོ་སྐབས་ཀྱང་ཐོབ་ཡོད། རིན་པོ་ཆེ་མཆོག་གི་གསུང་དོན་སྤྱིར་བཏང་བཙན་བྱོལ་བོད་གཞུང་གིས་ཕྱི་ལོ་ ༢༠༠༤ ལ་གཏན་འབེབས་ཞུས་པའི་ཤེས་ཡོན་སྲིད་བྱུས་ཀྱི་སྦྲོམ་གཞིའི་ཆ་རྐྱེན་རྣམས་ཕྱིར་ཡུ་རོབ་དང་ཨ་རི་བཅས་སུ་འཁོད་བཞུགས་བོད་རིགས་སྤྱི་ཚོགས་ཀྱི་ནང་འགྲུབ་རྒྱུ་དཀའ་བོ་ཡིན། ཡིན་ནའང་ཤེས་ཡོན་གྱི་ངོ་བོ་དང་དགོས་མཁོ། དེའི་དམིགས་ཡུལ་རྣམས་ཀྱི་ངོས་འཛིན་མ་ནོར་བ་ཞིག་སློབ་ཐབས་གནང་རྒྱུ་གལ་འགངས་ཤིན་ཏུ་ཆེན་པོ་ཡིན་པ་མ་ཟད། དེ་ལྟར་འགྲུབ་ནུས་པ་ཞིག་ཀྱང་ཡིན་ཞེས་གསུངས། ཁོང་གིས་མུ་མཐུད་དེ་གསུང་དོན་ཤེས་ཡོན་གྱི་གོ་རྟོགས་ནི་གཞན་ལས་ཐོས་བྱུང་གི་ཡོན་ཏན་བྱུང་བའི་རྗེས་སུ། རང་ངོས་ནས་ཉམས་བསྒོམ་གྱི་དཔལ་དབང་ལ་བསྟེན་ནས་རང་སེམས་ཞི་ཞིང་དུལ་བ་དང་བཟང་སྤྱོད་ཀྱི་ཆ་རྐྱེན་འགྲུབ་པའི་རང་བཞིན་ཞིག་ལ་གོ་དགོས། དེང་སང་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཀྱི་ནང་དུ་ཤེས་ཡོན་གྱི་གོ་རྟོགས་དང་དེའི་ལས་བྱང་ཧ་ལམ་མེད་པའི་བཟོ་འདྲ་ཆགས་ཡོད་པར་བརྟེན་བོད་ཕྲུག་ན་གཞོན་རྣམས་ལ་ཤེས་ཡོན་གྱི་ངོས་འཛིན་ངོ་སྤྲོད་གནང་རྒྱུ་དུས་ཀྱི་དགོས་མཁོ་ཆེན་པོ་ཞིག་ཀྱང་ཆགས་ཡོད་ཅེས་གསུངས། རིན་པོ་ཆེ་མཆོག་གི་གསུང་བཤད་རྒྱས་པར་གཟུགས་འཁོར་བརྙེན་འཕྲིན་གྱི་
ལམ་ ནས་གཟིགས་འདོད་ཡོད་ན་སློབ་གྲྭའི་སྤྱི་ཁྱབ་འགན་འཛིན་ས་ར་ཟླ་བ་ལགས་སུ་འབྲེལ་བ་གནང་སྐྱོང་ཡོང་བ་ཞུ།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

5 དང་ 8 སྡོམས་རོགས།