ཕྱི་ལོ་ ༢༠༡༥ ཟླ་བ་ ༠༣ ཚེས་ ༠༧ ཉིན་ས་གནས་སྦ་སལ་ཚོགས་ཆུང་ནས་ལོ་གསར་རྟེན་འབྲེལ།

ཕྱི་ལོ་ ༢༠༡༥ ཟླ་བ་ ༠༣ ཚེས་ ༠༧ ཉིན་ས་གནས་སྦ་སལ་བོད་རིགས་ཚོགས་ཆུང་ནས་བོད་ལོ་གསར་ཚེས་གིས་རྟེན་འབྲེལ་དང་། སྐབས་བཅུ་དྲུག་པའི་ས་འཐུས་རྒྱུན་ལས་རྣམ་པའི་དམ་འབུལ་གནང་ནས། སྐབས་བཅོ་ལྔའི་པའི་ས་འཐུས་རྒྱུན་ལས་མགན་འཛིན་གིས་རྩིས་ལེན་རྩིས་སྤྲོད་སོགས་སྐབས་བཅུ་དྲུག་པའི་ས་འཐུས་རྒྱུན་ལས་རྣམ་ལ་དགའ་དད་སྤྲོ་གསུམ་ངང་རྩིས་སྤྲོད་སོང། དེ་ཡོང་སྐབས་བཅོ་ལྔའི་ས་མཐུས་ནས་ལོ་ངོ་གསུམ་རིང་ལས་དོན་མཐའ་དག་རྒྱུན་ལས་དང་མགན་འཛིན་རྣམ་པ་དང་མི་མང་ནས་རྒྱལ་སྐྱོར་ཧ་ཅང་ཡག་པོ་གནང་བ་བཀའ་དྲིན་ཆེ་ཞུ་བ་དང་།མ་འོང་པ་སྐབས་བཅུ་དྲུག་པའི་སྐབས་ལ་ཡོང་ཚང་མའི་རྒྱལ་སྐྱོར་གནང་རོགས་ཞེས་འབོད་བསྐུལ་ཞུས་སོང།དེ་ནས་སྐབས་བཅུ་དྲུག་པའི་ས་འཐུས་བཀྲ་ཤིས་བསམ་འགྲུབ་ནས་མཚམས་དྲིལ་དང་བཅས་མ་འོང་པ་ལས་དོན་སྐབས་མི་མང་ནས་རྒྱབ་སྐྱོར་གནང་བའི་རེ་བ་དང་བཅས་ཡིད་ཆེས་ཡོད། ཚང་མའི་རྒྱལ་སྐྱོར་གནང་རོགས་བཅས་འབོད་བསྐུལ་དང་བཅས། ཚོགས་ཆུང་གིས་ཟློས་གར་སོགས་འཁྲབ་སྟོན་གནང་ནས་ཕྱག་ཚོད་ ༠༢ མཛད་སྒོར་རྒྱལ་ཁབ་ངང་འཇུག་སྒྲིལ་སོང།




མགོན་པོ་རྡོ་རྗེ་ཚང་ཟླ་བ་ནས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

7 དང་ 5 སྡོམས་རོགས།