ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༨ ཉིན་སུད་སི་གྲོང་ཁྱེར་འཛུ་རིག་ཏུ་བོད་མིའི་རང་དབང་སྒེར་ལངས་ ༥༤ པ་དེ་སྲུང་བརྩི་ཞུས་ཡོད།

ཕྱི་ལོ་༢༠༡༣ ཟླ་༣ ཚེས་༨ ཉིན་སུད་སི་གྲོང་ཁྱེར་འཛུ་རིག་ཏུ་སུད་སི་གནས་བཞུགས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་མི་མང་ཆིག་སྟོང་སུམ་བརྒྱ་༼༡༣༠༠༽སྐོར་ནས་དུས་དྲན་སྲུང་བརྩི་ཞུས་ཡོད་པ་རེད། ཐོག་མར་ཝེར་ཌེ་མུཧལེ་སྤལཱ་ཛེ་རུ་ལྷན་འཛོམས་གནང་པ་དང་། མི་མང་ཚོགས་གཞོན་ནས་མཛད་རིམ་སྙན་སྒྲོན་དང་ ས་གནས་འཛུ་རིག་རང་སྐྱོང་མངའ་སྡེ་ལྗང་ཁུ་ཚོགས་པའི་བློན་ཆེན་ལྕམ་སྐུ་༼ཨལ་མ་རེཊ་ཛིག་༽མཆོགས་ནས་གསུང་བཤད་རྗེས་ ཡིག་ཐོག་ཚིག་དོན་ལྟར་ཞི་བའི་སྐད་འབོད་གནང་། མི་མང་ཚོགས་གཙོས་གསུང་བཤད་དང་ མི་མང་ཟློས་གར་ནས་དྲན་གླུ་གཏོང་གནང་མཛད་རྗེས་ འཛུ་རིག་ཁྲོམ་གཞུང་བརྒྱུད་རྒྱ་མིའི་གཞུང་ཚབ་བར་ཞི་བའི་གོམ་བགྲོད་དང་ཡིག་ཐོག་ཚིག་དོན་ལྟར་ཞི་བའི་སྐད་འབོད་གནང་སྟེ་ཕེབས་ཡོད་པ་རེད། རྒྱ་མིའི་གཞུང་ཚབ་མདུན་སུད་བོད་དང་གཞོན་ནུ་ བེུད་བཅས་ཀྱི་སྐུ་ཚབ་རྣམ་པས་གསུང་བཤད་གནང་པ་དང་ རི་ཀོན་ཆོས་འཁོར་དགོན་གྱི་དགེ་འདུན་རྣམ་པས་དབུས་མང་ཚོགས་ནས་༸རྒྱལ་བའི་༸ཞབས་བརྟན་དང་བདེན་ཚོགས་སྨོན་ལམ་གསུང་། དེ་བཞིན་མི་ཟློས་གར་དབུས་མང་ཚོགས་ནས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་གསུང་སྟེ་མཛད་རིམ་མཚན་མོའི་ཕྱག་ཚོད་ ༩ པར་མཇུག་སྒྲིལ་ཞུས་ཡོད་པ་རེད། འདྲ་པར་་

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

4 དང་ 9 སྡོམས་རོགས།