ཕྱི་ལོ་ ༢༠༡༢ ཟླ་བ་ ༨ ཚེས་ ༣༡ ཉིན་ཨ་རའོ་ནས་སྦེརན་བར་གོམ་འགྲོད་གནང་ཡོད་འདུག།

 ཕྱི་ལོ་ ༢༠༡༢ ཟླ་བ་ ༨ ཚེས་ ༣༡ ཉིན་སྔ་དྲོ་ཆུ་ཚོད་༧ པའི་ཐོག་ས་གནས་བོད་རིགས་མི་མང་ཚོགས་གཙོ་དབུ་ཞུགས་ཐོག་གསང་གསོལ་དང་རྒྱལ་གླུ། བོད་རྒྱལ་ལོ་ཞེས་པའི་འབོད་སྒྲ་དང་བཅས་ཚང་མའི་བོད་ཀྱི་བདེན་མཐའ་མ་གསལ་བར་དུ་བོད་རྒྱ་ཆེ་མི་མང་ནས་འཐབ་བརྩོད་ཚམས་འཇོགས་མེད་པའི་དམ་བཅའ་དང་བདེན་ཚིག་སྨོན་ལམ་སྐྱོར་བཞིན་གོམ་འགྲོད་དབུ་ཚུགས་བྱས་ཡོད། གོམ་འགྲོད་སྐབས་ད་ལྟའི་བོད་ཀྱི་གནས་སྟངས་དང་དང་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་མཚན་གཞུང་དང་བཅས་ཤོག་ལེ་4 ཅན་གྱི་གསལ་བསྒྲགས་ཞིག་ལམ་ཁར་ཐུགས་བའི་མི་དང་མི་ཚང་རེ་རེའི་ཡིག་སྒམ་ནང་ཕུལ་གཞིན་འགྲོ་ཡོད།

 ཉིན་དང་པོ་AARAU BAHNHOF ནས་ VORDEMWALD ཀི་ལོ་མེ་ཏར་ ༢༣ གོམ་འགྲོད་བྱས་ཡོད། ཉིན་༢ པ་VORDEMWALDནས་ KOPIGEN བར་ཀི་ལོ་མེ་ཏར་༣༤ གོམ་འགྲོད་བྱས་ཡོད་པ་དང་དེ་ཉིན་ཆར་པ་ཤུགས་ཆེན་རྒྱབ་པ་དང་ས་ཐགས་རིང་བའི་རྐྱེན་གོམ་འགྲོད་བ་མང་པོར་རྐང་པ་རྨ་དང་ཆུ་ཝལ་སོགས་པའི་དཀའ་ངལ་སྣ་ཚོགས་འཕྲད་ཡོད་ཀྱང་སེམས་ཤུགས་ཆེན་པོའི་འཚམས་འཇོགས་མ་བྱས་པར་ཉིན་དེའི་སྨུག་ཡུལ་འགྲུབ་པར་བྱས་ཡོད། ཉིན་གསུམ་པ་ KOPIGEN ནས་ KRAUCHTHAL བར་ཀི་ལོ་མེ་ཏར་༢༢ དང་། ཉིན་ཞི་པ་KRAUCHTHAL ནས་ BERN BAHNHOFPLATZ བར་ཀིལོ་མེ་ཏར་༡༤ དང་དེ་ཉིན་ཧ་ཅང་གི་ལས་འགུལ་ཡག་པོ་སྤེལ་ཡོད་པ་དང་གོམ་འགྲོད་ལ་ཕེབས་མཁན་རྣམས་ཧ་ཅང་གི་ཡིད་ཚིམས་པ་དང་གསར་སྐྱོད་པ་ཡང་མང་བོ་ཕེབས་ཡོད། བོད་ཀྱི་གནས་སྟངས་དང་བོད་སྐྱོབ་རོགས་ཞེས་འཁོད་ཡོད་པའི་ཤོག་བུ་དང་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་མཚན་གཞུང་དང་བཅས་ཤོག་ལེ་ཁ་་༤ མཉམ་སྦྱར་བྱས་པའི་ཤོག་གུ་དེ་་༥༠༠༠ ལྷག་ཙམ་ཞིག་BERN རང་ལ་འགྲེམ་སྤེལ་བྱས་ཡོད། དེ་ཉིན་སྦེརན་ཚོགས་ཆུང་ནས་ཧ་ལས་པའི་རོགས་རམ་དང་རྒྱབ་སྐྱོར་གནང་བར་གུས་འདུད་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། མཇུགས་སྡོམ་ TIBET་WILL་BE FREE ONEDAY ཞེད་པའི་གླུ་ཞིག་དང་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་བོད་རྒྱལ་ལོ་ཞེས་པའི་འབོད་སྒྲ་དང་བོད་རྒྱ་ཆེ་མི་མང་རྡོག་རྩ་གཅིག་སྦྲིལ་ཡོང་བའི་སྨོན་ལམ་དང་བཅས་མཇུགས་སྡོམ་བྱས་ཡོད།།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

7 དང་ 1 སྡོམས་རོགས།