ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༡༠ ཉིན་སུད་སི་ས་གནས་རི་ཀོན་དུ་གངས་ལྗོངས་མང་གཙོའི་དུས་དྲན་སྲུང་བརྩི་ཞུས་པ།

ཐོག་མར་ཞོགས་པ་ཚོུད་ ༩ པ་ཡོལ་ཙམ་ནས་སྔར་རྒྱུན་བཞིན་དྲི་བ་དྲིས་ལན་གནང་རྒྱུའི་ལས་འཆར་དབུ་ཚུགས་གནང་པ་དང་མི་མང་ཚོགས་གཙོས་མཚམས་འདྲིའི་གསུང་བཤད་གནང་། མང་ཚོགས་ནས་ལོ་དུས་གཅིག་གི་རིང་སུད་སི་དང་ལེཀ་ཊེན་སྤྲཡན་བོད་རིགས་མི་མང་གི་ལས་དོན་བྱ་ཕྱོགས་ཁག་ལ་དབུ་འཁྲིད་ལས་སྣེ་རྣམ་པར་སྤྱི་སྨན་དྲི་བ་དྲིས་ལེན་གནང་མཁན་མང་དག་བྱུང་ཡོད་པ་དང་། སྤྱི་དོན་ཐུགས་སྣང་ཅན་མི་མང་ ༢༥༠ལྷག་ནས་མཉམ་བཞུགས་གནང་ཡོད་པ་རེད།ཉིན་རྒྱབ་ཚོུད་ ༡༣་་༣༠ ཐོག་རི་ཀོན་སློབ་གྲྭའི་ཚོགས་ཁང་དུ་མང་གཙོའི་དུས་དྲན་གྱི་མཛད་སྒོ་དབུ་ཚུགས་ཞུས་ནས་ཐོག་མར་༸གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་གདུན་ཞུ་མཛད་པ་དང་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་གསུང་པ་དེ་བཞིན་མི་མང་ཟློས་གར་ནས་མང་གཙོ་དྲེན་གླུ་བཅས་གསུང་གནང་པས་རྗེས་མཁན་རིན་པོ་ཆེ་དབུས་མཛད་གཙོ་རྣམས་དང་སྐུ་མགྲོན་ཁག་ནས་སྐུ་པར་རིན་པོ་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་པ་དང་ བོད་རྒྱལ་ཁབ་དང་མི་རིགས་ཆེད་ཚེ་སྲོག་ཕུལ་བའི་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་རྣམས་ཀྱི་ཆེད་མཁན་བླ་དགེ་འདུན་རྣམ་པས་དབུས་མང་ཚོགས་ནས་སྨོན་ལམ་རྣམ་རྒྱལ་བཅས་གསུང་གནང་ཡོད་པ་རེད། མི་མང་ཚོགས་གཙོས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་པ་དང་ མི་མང་ཟློས་གར་ནས་བཀྲིས་གཞོལ་པ་བཅས་འཁྲབ་སྟོན་གནང་ཡོད། དོན་ཁང་ནས་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་འཕྲིན་འཇགས་ཀློག་གནང་རྗེས་ ༸གོང་ས་མཆོག་གི་ཉེ་དུས་བཀའ་ཁྲི་གསར་པའི་མཛད་སྒོ་དབུ་འབྱེད་སྐབས་ཀྱི་བཀའ་སློབ་བཀྲིན་བསྩལ་བ་བརྙན་འཕྲིན་རྒྱུད་མང་ཚོགས་ལ་གཟིགས་འབུལ་ཞུས་ཡོད། མི་མང་གི་ཚོགས་གཙོ་དང་ དེ་བཞིན་མི་མང་གི་གསར་འཕྲིན་ མི་མང་ཟློས་གར་བེུད་དང་སུད་བོད་ གཞོན་ནུ་ བཅས་ཀྱི་མཛད་གཙོ་རྣམས་ནས་ལོ་འཁོར་ལས་བསྡོམས་ཕྱོགས་བསྡུས་མང་ཚོགས་ལ་གསལ་བཤད་ཞུས་རྗེས་མི་མང་ནས་སྤྱི་སྨན་དགོངས་འཆར་གནང་རྒྱུ་གོ་སྐབས་གནང་པ་བཞིན་དགོངས་འཆར་ཕུལ་མཁན་ཡང་མང་དག་བྱུང་། མཁན་རིན་པོ་ཆེ་མཆོག་ནས་བཀའ་སློབ་ལམ་སྟོན་གནང་པ་དང་ དགོང་དྲོའི་གསོལ་ཚོག་གི་བར་སེང་འཇུག་མི་མང་ཟློས་གར་ནས་ཞབས་གཞས་ཁག་གནང་ནས་མཛད་སྒོ་རྒྱལ་ཁའི་ངང་འཇུག་འགྲིལ་བྱུང་ཡོད་པས་གནས་སུ། འདྲ་པར་་་

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

8 དང་ 2 སྡོམས་རོགས།