ནོ་བྷེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༢༡ འཁོར་བའི་དུས་དྲན་རྒྱས་པ་སྲུང་བརྩི་ཞུས་པ།

ཕྱི་ལོ་ ༢༠༡༠ ཟླ་བ་ ༡༢ ཚེས་ ༡༡ ཉིན་སུད་སི་ས་གནས་བྷུའི་ལག་གྲོང་སྡེའི་ཚོགས་ཁང་ནང་སུད་སི་དང་ལེཀ་ཊེན་སྤྲཡན་བོད་རིགས་མི་མང་ནས་གོ་སྒྲིག་ཞུས་པས་༸བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་འཛམ་གླིང་ནོ་བྷེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༢༡ འཁོར་བའི་དུས་དྲན་རྒྱས་པ་སྲུང་བརྩི་ཞུས་ཡོད་པ་རེད། ཐོག་མར་རི་ཀོན་ཆོས་འཁོར་དགོན་གྱི་དགེ་འདུན་རྣམ་པས་དབུས་ཕྱི་ནང་སྐུ་མགྲོན་རྣམས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་རིན་པོ་ཆེ་བདེན་འདྲེན་ཞུས་ནས་སུད་སི་དང་ལེཀ་ཊེན་སྤྲཡན་བོད་རིགས་མི་མང་གི་ཟློས་ཚོགས་ནས་དབུ་འཁྲིད་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་གསུང་གནང་མཛད་ཡོད། སྐུ་པར་རིན་པོ་ཆེར་མཎྜལ་རྟེན་གསུམ་དང་མཇལ་དར་ཕུལ་རྗེས་མཛད་གཙོ་རྣམས་ནས་དུས་དྲན་དང་འབྲེལ་བའི་གསུང་བཤད་གནང་། སུད་སི་བོད་ཡིག་སློབ་གྲྭ་ཁག་དང་ཚོགས་ཆུང་ཁག་ནས་ཞབས་གཞས་དང་དེ་བཞིན་ཚོགས་སྐྱིད་ཁག་ནས་རིམ་མཞིན་ཞབས་གཞས་གཟིགས་འབུལ་ཞུས་ཡོད་པ་རེད།

འཐུས་མི་སྐབས་བཅུ་གསུམ་པའི་ཚོགས་གཙོ་སྤང་རིང་ཀརྨ་ལགས་ནས་མི་མང་གི་ལོ་ ༢༠༠༩དང་༢༠༡༠ལོའི་ལོ་འཁོར་བྱུང་སོང་སྩིས་ཁྲ་དང་ལོ་འཁོར་སྙན་ཐོ་མི་མང་ལ་གསལ་བསྒྲགས་གནང་། སུད་སི་སྐུ་ཚ་དོན་གཅོད་མཆོག་དང་ཕྱོགས་བཞུགས་ཡོ་རོབ་སྤྱི་འཐུས་མཆོག་ནས་དུས་དྲན་དང་འབྲེལ་བའི་བཀའ་སློབ་གསུང་བཤད་གནང་རྗེས་དགོང་དྲོའི་གསོལ་ཚིགས་ཀྱི་བར་སེང་ཕྱག་ཚོད་གཅིག་ལྷག་གནང་། མི་མང་གསར་འཕྲིན་ཚོགས་ཆུང་གི་སློབ་སྟོན་པ་སྐུ་ངོ་སྤྱི་ཟུར་གསང་གླིང་ཚེ་རིང་རྡོ་རྗེ་ལགས་ནས་ཕྱོགས་སྒྲིག་ཞུས་པས་བོད་ཀྱི་གཏམ་དཔེའི་ཕྱག་དེབ་ཞིག་མི་མང་གི་གསར་འཕྲིན་ཚོགས་ཆུང་ནས་ཉེ་དུས་དཔར་བསྐྲུན་ཞུས་པ་ཞིག་ཕྱོགས་བཞུགས་སྤྱི་འཐུས་མཆོག་དང་སྐུ་ཚབ་དོན་གཅོད་མཆོག་རྣམ་གཉིས་ནས་དབུ་འབྱེད་གནང་ཡོད། རིམ་བཞིན་མི་མང་གི་དྲ་རྒྱའི་འགན་འཛིན་ནས་དྲ་རྒྱ་གསར་པ་དབུ་འབྱེད་གནང་པ་དང་དབྱིན་སྐད་ཐོག་གསར་སྒྲུབ་ཟིན་པ་བཅས་མི་མང་ལ་སང་ཡོལ་གློག་བརྙན་རྒྱུད་གཟིགས་འབུལ་དང་འབྲེལ་གསལ་བཤད་ཞུས་ཡོད་པ་རེད། མི་མང་ལྷན་རྒྱས་བྷིང་གོ་སྐུ་རྩེད་གནང་རྗེས་མི་མང་གི་ཟློས་ཚོགས་དང་བོད་སློབ་ཁག་སྐྱིད་སྡུག་ཁག་ནས་ཞབས་གཞས་ཁག་རིམ་བཞིན་གཟིགས་འབུལ་ཞུས་རྗེས་མཛད་སྒོ་བཀྲིས་ལོ་ལེགས་ངང་འཇུག་སྒྲིལ་བྱུང་ཡོད།
དེ་སྐབས་ཀྱི་འདྲ་པར་ཁག་འདྲ་པར་བང་མཛོད་ནང་གཟིགས་གནང་ཞུ།།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

2 དང་ 1 སྡོམས་རོགས།