ནད་ཡམས་ཀྱི་དབང་གིས་སུད་སིའི་དཔལ་འབྱོར་གནས་བབ་ཉམས་རྒུད་དུ་འགྲོ་སྲིད་དམ།
ཏོག་དབྱིབས་ནད་དུག་གི་རྐྱེན་པས། ༢༠༢༠ ལོར་སུད་སིའི་དཔལ་འབྱོར་ཉམས་རྒུད་ལ་གདོང་ལེན་ཆེས་ཆེར་བྱ་དགོས་པའི་གནས་སྟངས་ཛ་དྲག་འབྱུང་ངེས་ཡིན་སྟབས། སུད་སི་གཞུང་གིས་དཔལ་འབྱོར་ཉམསས་རྒུད་ལ་ཁ་གཏད་གཅོག་རྒྱུ་ཡིན་པའི་གསལ་བསྒྲགས་དང་། དེར་ཚོང་ལས་སྡེ་ཁག་གིས་མཉམ་ལས་སམ་མཐུན་སྒྲིལ་དགོས་པའི་འབོད་སྐུལ་ཞུ་བཞིན་པ་རེད་འདུག
འོན་ཀྱང་སྦ་སལ་དཔལ་འབྱོར་ཞིབ་འཇུག་ཁང་ ( BAK) གིས་འགྲེལ་བརྗོད་བྱས་པ་ལྟར་ན། ལོ་འདི་ནས་འགོ་བཙུག་སྟེ་ལོ་ཤས་རིང་འཛམ་གླིང་མི་མང་གིས་འཚོ་བའི་གོམས་གཤིས་ལ་འགྱུར་ལྡོག་ཅུང་འབྱུང་རྒྱུ་ཡིན་པ་དང་། འཚོ་བའི་ཡོ་བྱད་བེད་སྤྱོད་གཏོང་ཕྱོགས་ལ་གྲོན་ཆུང་བྱ་དགོས་ངེས་ཀྱི་འགྱུར་ལྡོག་འབྱུང་ངེས་རེད། འགྱུར་ལྡོག་འདིས་མ་འོངས་པར་མི་རྣམས་ལ་ལས་ཤོར་གྱི་གྲངས་འབོར་ཇེ་མང་འགྲོ་རྒྱུ་ཡིན་པ་མ་ཟད། བཟོ་ཚོང་ཁག་གི་ཚོང་འབྲེལ་དང་། ཚོང་ལམ། ཚོང་ར་བཅས་ལ་ཤུགས་རྐྱེན་སླེབས་ངེས་ཤིང་། ཤུགས་རྐྱེན་དེའི་དབང་གིས་སུད་སིའི་ཡུལ་སྐོར་ཚོང་ལམ་དང་། ཡུལ་སྐོར་ཞབས་ཞུའི་ལས་རིགས་ཉུང་ཤས་ཤིག་སྒོ་རྒྱག་དགོས་ཐུག་སྲིད་པའི་སྐོར་འགྲེལ་བརྗོད་གནང་འདུག
ཞིབ་འཇུག་ཁང་འདིས་ཁ་སང་གཟའ་ཟླ་བའི་ཉིན་༢༣ ཉིན་༢༠༢༠ ལོར་སུད་སིའི་དཔལ་འབྱོར་སྔོན་དཔག་སྙན་ཐོའི་ནང་བསྟན་པ་ལྟར་ན། ༢༠༢༠ ལོར་སུད་སིའི་དཔལ་འབྱོར་བརྒྱ་ཆ་༢.༥ མར་ཆག་རྒྱུ་ཡིན་ཡིན་པ་དང་། ད་དུང་༢༠༢༡ ལོར་དཔལ་འབྱོར་བསྐྱར་གསོ་བྱ་མ་ཐུབ་ཚེ། ལོ་རེར་མུ་མཐུད་ནས་དཔལ་འབྱོར་༡.༥ བར་མར་ཆག་རྒྱུ་ཡིན་པའི་སྔོན་དཔག་གནང་བཞིན་ཡོད། འོན་ཀྱང་ལོ་སྔོན་མའི་ཟླ་༡༢ ནང་ཞིབ་འཇུག་ཁང་འདིས་སུད་སིའི་དཔལ་འབྱོར་བརྒྱ་ཆ་༡.༥ འཕར་རྒྱུ་ཡིན་པའི་ཚོད་དཔག་ཀྱང་གནང་མྱོང་ཡོད་པ་རེད།
ཞིབ་འཇུག་ཁང་འདིས། དཔལ་འབྱོར་ཉམས་རྒུད་ཀྱི་ཤུགས་རྐྱེན་དབང་གིས་སུད་སིའི་ནང་༢༠༢༠ ལོར་ལས་ཀ་ཤོར་ཚད་བརྒྱ་ཆའི་གྲངས་ཆུང་ ༨ འཕར་རྒྱུ་ཡིན་པ་དང་། ༢༠༢༡ ལོར་ལས་ཀ་ཤོར་ཚད་བརྒྱ་ཆའི་ ༢ .༧ འཕར་རྒྱུ་ཡིན་པའི་སྔོན་དཔག་ཁྱབ་བསྒྲགས་གནང་འདུག
འདིའི་ཐད་UBS དངུལ་ཁང་གི་དཔལ་འབྱོར་ཞིབ་འཇུག་པས་ཟེར་ན། ང་ཚོས་འདིའི་ཐད་སྔ་མོ་ནས་སྔོན་དཔག་གསལ་བོ་ཞུ་མི་ཐུབ། འོན་ཀྱང་འདི་ལོའི་ཟླ་༤ ཟླ་མཇུག་ཏུ་ནད་ཡམས་ཀྱི་ཛ་དྲག་གནས་ཚུལ་ཚོད་འཛིན་ཐུབ་ཚེ། ༢༠༢༠ ལོར་སུད་སིའི་དཔལ་འབྱོར་མ་རྐང་བརྒྱ་ཆའི་ ༡.༥ ཙམ་ལས་ཆག་རྒྱུ་མིན་པ་དང་། ༢༠༢༡ ལོར་སླར་ཡང་དཔལ་འབྱོར་མ་རྐང་བརྒྱ་ཆའི་༢ ཙམ་སླར་གསོ་ཐུབ་ངེས། འོན་ཀྱང་སྟབས་མ་ལེགས་པར་ད་ལོའི་ཟླ་ ༤་ཟླ་མཇུག་བར་ནད་ཡམས་ཀྱི་ཛ་དྲག་གནས་སྟངས་ཚོད་འཛིན་ཡག་པོ་མ་ཐུབ་ཚེ། ད་ལོ་དཔལ་འབྱོར་འཕེལ་ཚད་བརྒྱ་ཆའི་༣ མར་ཆག་རྒྱུ་ཡིན་པ་མ་ཟད། ལོ་རྗེས་མར་མུ་མཐུད་དཔལ་འབྱོར་བསྐྱར་གསོ་དཀའ་བའི་གནས་ཚུལ་འབྱུང་སྲིད། གལ་སྲིད་ཛ་དྲག་གི་གནས་ཚུལ་འདིར་དོ་དམ་དང་། ཚོད་འཛིན་དུས་ལྟར་མ་ཐུབ་པར་སྒྱིད་ལུག་དང་འཐུས་ཤོར་གྱི་དབང་དུ་སོང་ཚེ། སུད་སིའི་ནང་ལས་ཀ་ཤོར་མཁན་གྱི་གྲངས་འབོར་འཕར་རྒྱུ་ཡིན་ལ། ཁྱིམ་ཚང་གི་འཚོ་བར་ཤུགས་རྐྱེན་ངེས་ཅན་ཐེབས་ཏེ་དངུལ་བུན་དུས་ལྟར་མཇལ་མ་ཐུབ་པ་དང་། དངུལ་ཁང་གི་དབུལ་བུན་སྤྱི་འབོར་ཉུང་དུ་ཕྱིན་ནས་འཛུགས་སྐྲུན་ལས་རིགས་ཁག་དང་། སྡོད་ཁང་གཡར་ཉོའི་དངུལ་བུན་ཆུང་དུ་འགྲོ་ངེས་ཅན་རེད། དེ་ལྟར་ཕྱིན་ཚེ་༢༠༢༢ ལོར་སུད་སིའི་དཔལ་འབྱོར་གནས་བབ་ཛ་དྲག་ཆགས་སྲིད་པས། ད་སྔ་ནས་གྲ་སྒྲིག་དང་། ཚོད་དཔག་དགོས་སྐོར་བརྗོད་འདུག
སྒྱུར་མཁན།ཙ་ཡུས་ཕུན་ཚོགས།
གནས་ཚུལ་ཡོང་ཁུངས།སུད་སིའི་གནས་འཕྲིན། www. Swissinfo.ch
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།