ནང་སྦྱོང་དང་ནད་ཡམས་སྔོན་འགོག

ད་ལམ་སུད་སི་གཞུང་ནས་ཡོངས་ཁྱབ་གསལ་བསྒྲགས་སྤེལ་དོན་ལྟར། ༢༠༢༠ ཕྱི་ཟླ་ ༤ ཚེས་ ༣ བར་བོད་ཡིག་སློབ་གྲྭ་གནས་སྐབས་རིང་ཚོགས་རྒྱུ་མིན་པ་དང་། དེའི་རིང་བོད་སློབ་ཀྱི་ཕྲུག་གུ་ཚོར་བོད་ཡིག་མཐུད་ཤོར་མི་འགྲོ་བའི་ཆེད་དེ་རིང་ ༢༠༢༠ ཕྱི་ཟླ་ ༣ ཚེས་ ༡༥ ཉིན་ཨར་གྷའོ་བོད་སློབ་ཀྱི་སློབ་དགེ་དང་འགན་འཛིན་རྣམས་ནས་ཧུར་བརྩོན་ཆེན་པོས་བོད་ཡིག་སྦྱོང་ཚན་གྱི་ནང་སྦྱོང་སོགས་འཛིན་གྲྭ་སོ་སོར་གྲ་སྒྲིག་གནང་སྟེ་འགྲེམས་སྤེལ་དང་། དེ་བཞིན་རྗེ་བཙུན་སྒྲོལ་མའི་བསྟོད་པ་དང་གཟུངས་སྔགས་ཀྱི་དཔེ་ཡིག ཉེན་ཚབས་ཆེ་བའི་ཏོག་དབྱིབས་ནད་ཡམས་སོགས་སྔོན་འགོག་སླད་སློབ་ཕྲུག་ཡོངས་ལ་རིམས་སྲུང་རིལ་ནག་ཐུམ་བུ་རེ་སློབ་ཕྲུག་ཡོངས་ལ་བགོ་འགྲེམས་གནང་ཡོད། དེ་དང་སྟབས་བསྟུན་ཏེ་ཨར་གྷའོ་བོད་ཀྱི་དཔེ་མཛོད་ཁང་རིང་མིན་གང་མགྱོགས་དབུ་འབྱེད་འོང་བར་དེ་རིང་དཔེ་དེབ་ཁག་སྒྲིག་གཤོམ་ཀྱང་གནང་ཐུབ་པ་བྱུང་ཡོད།

ཨར་གྷའོ་བོད་སློབ་དང་རིག་གཞུང་སྡེ་ཚན་ནས། ༢༠༢༠ ཟླ་ ༣ ཚེས་ ༡༥ ཉིན་ཕུལ།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

4 དང་ 1 སྡོམས་རོགས།