ནང་ཆོས་ངོ་སྤྲོད་དང་བོད་དོན་སློབ་གསོ།
ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༦ བོད་ཟླ་ ༦ ཚེས་ ༤ ཉིན། ས་གནས་ཤྭཕ་ཧའུ་སེན་ཚོགས་ཆུང་ནས་ས་གནས་བོད་རིགས་མི་མང་ལ་ནང་ཆོས་ངོ་སྤྲོད་དང་། བོད་དོན་སློབ་གསོའི་ལས་རིམ་ཞིག་གོ་སྒྲིག་ཞུས། དེའི་ཉིན་སུད་སི་དོན་གཅོད་སྐུ་ངོ་དངོས་གྲུབ་རྡོ་རྗེ་མཆོག་གིས་དེང་རབས་ན་གཞོན་ཚོས་གཙོས་པའི་བོད་རིགས་ཡོད་དོ་ཅོག་ཚང་མས་ཕ་མེས་ནས་ཡོད་པའི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་མི་ཉམས་གོང་འཕེལ་དང་། ཉམས་པ་སླར་གསོ་དགོས་པ་སོགས་ཀྱི་བཀའ་སློབ་ཟབ་རྒྱས་བསྩལ། དེ་རྗེས་རི་ཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་ཐུབ་བསྟན་ལེགས་སྨོན་མཆོག་ནས་བོད་ཀྱི་ནང་ཆོས་གལ་གནད་ཆེ་བའི་སྐོར་གསུངས་དོན། བོད་རིགས་ཚོས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལྟར་ཚང་མས་ཆོས་ལ་ངེས་ཤེས་རྙེད་ནས་དད་པ་དང་ཆོས་ཉམས་ལེན། དེའི་ནང་ནས་ཐེག་ཆེན་གྱི་ལྟ་གྲུབ་བདེན་པ་བཞི་ལ་སྦྱང་པ་དགོས་པ་སོགས་ཀྱི་ནང་ཆོས་ངོ་སྤྲོད་རྒྱས་པ་གནང་། སྐུ་མགྲོན་རྣམ་གཉིས་ཀྱི་བཀའ་སློབ་གྲུབ་མཚམས། ཚོགས་བཅར་བ་བཅུ་ཕྲག་ལྔ་བརྒལ་བར་དྲི་བ་དྲིས་ལན་གྱི་གོ་སྐབས་གནང་བ་ལྟར་ཚོགས་བཅར་བས་གོ་སྐབས་དམ་འཛིན་གྱིས་ཆ་ཤས་ལེགས་པོ་བཞེས་པའི་གནས་ཚུལ་སྙིང་བསྡུས་སུ། ས་གནས་ཤཱཕ་ཧའུ་སེན་ཚོགས་ཆུང་གི་འཐུས་མི་བློ་བཟང་ལེགས་བཤད་ཀྱིས་ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༧ ཉིན།
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།