དབྱིན་ཡུལ་དུ་དོལ་ཚོགས་པར་ངོ་རྒོལ་གྱི་ལས་འགུལ་སྤེལ།
༡༣/༡༢/༢༠༡༥ སྟེ་རེས་གཟའ་ཉི་མ་ཉིན་དབྱིན་ཡུལ་གནས་སྡོད་བོད་མི་སྐོར་ཞིག་དང་དེ་སྔོན་དགེ་བཤེས་རྫུན་མ་སྐལ་བཟང་རྒྱལ་མཚོའི་སློབ་མ་བྱེད་མྱོང་མཁན་དང་ཕྱིས་སུ་་སྐལ་བཟང་རྒྱལ་མཚོ་གཙོས་དེ་གའི་ཆོས་ཚོགས་ཀྱི་འགན་འཛིན་རྣམས་ཀྱི་ཆོས་དང་མི་མཐུན་པའི་བྱེད་སྟངས་མང་པོ་ཞིག་མིག་མཐོང་ལག་ཟིན་གྱིས་ཆོས་ཚོགས་ཕྱིར་རུ་བུད་ཏེ་ད་ཆ་ཁོང་ཚོས་དབྱིན་ཡུལ་མི་མང་ལ་དངོས་བྱུང་ཉམས་མྱོང་གི་བདེན་པ་གསལ་བཤད་ཆེད་དུ་མཉམ་ཞུགས་ཀྱི་ས་གནས་Brighton དུ་ཡོད་པའི་ Bodhisattva kadampa meditation centre མདུན་དུ་ཞི་རྒོལ་བྱས་པ་དང་མཐའ་འཁོར་གྱི་མི་ཚང་སྟོང་ཕྲག་མང་པོར་བཀའ་གདམས་གསར་མའི་ཆོས་ཚོགས་ཀྱི་རྒྱབ་ལྗོངས་ལོ་རྒྱུས་གསལ་བཤད་ཡིག་ཆ་གྲམ་ཡོད་པ་དང་ཇི་སྲིད་ཁོང་ཚོས་༧རྒྱལ་བ་་དོན་གྱི་བདག་པོ་གཞི་མེད་སྐྱོན་འཛུགས་ཀྱི་ལས་འགུལ་སྤེལ་མཚམས་མ་བཞགས་པར་ཏུ་མི་མཐུད་དངོས་ཡོད་གསལ་བཤད་ཀྱི་ངོ་རྒོལ་ལས་འགུལ་སྤེལ་རྒྱུ་ཡིན་པའི་བསྒྲགས་གཏམ་སྤེལ་ཡོད་པ་རེད་། གསར་འགོད་པ་བཀྲིས་རྣམ་རྒྱལ།
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།