དཔལ་ལྡན་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་སུད་སིར་༧ཞབས་སོར་བདེ་བར་འཁོད་ཡོད།

དེ་ཡང་བཙན་བྱོལ་བོད་མིའི་དབུས་སྒྲིག་འཛུགས་ཀྱི་དཔལ་ལྡན་བཀའ་ཤག་སྐབས་བཅུ་བཞི་པའི་གཏན་འབེབས་ཁྱབ་བསྒྲགས་གནང་དོན་ཕྱི་ལོ་  ༢༠༡༤ ལོ་འདི་༧གོང་ས་༧སྐྱབས་མགོན་སྐུ་ཕྲེང་  ༡༤  པ་ཆེན་པོ་མཆོག་ལ་བཀྲིན་རྗེས་དྲན་ལོ་སྲུང་བརྩི་ཞུ་རྒྱུ་ཡིན་པ་ལྟར་སུད་སི་དང་།  ལིཀ་ཏེན་སིཊཡན་བོད་རིགས་མི་མང་ས་གནས་འཐུས་ཚོགས་ནས་གྲོས་ཆོད་ཀྱིས་༧གོང་ས་༧སྐྱབས་ཆེན་པོ་མཆོག་ལ་ནོ་ཝེ་འཛམ་གླིང་གི་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་མི་ལོ་  ༢༥ ཧྲིལ་པོ་འཁོར་བའི་གཟི་བརྗིད་ཅན་གྱི་ཉིན་མོ་སྔར་བས་གཟབ་རྒྱས་གོ་སྒྲིག་ཞུ་བའི་སྐུ་མགྲོན་གཙོ་བོར་གདན་ཞུ་ཕུལ་དོན་ཆིབས་སྒྱུར་གནང་བ་ཞིག་དང་།  རེས་གཟའ་སྤེན་པ་སྟེ་ཕྱི་ཚེས་ ༡༣ ཉིན་གྱི་མཛད་སྒོར་ལྷན་ཞུགས་བཀའ་སློབ་གནང་རྒྱུ་བཅས་ཡིན་འདུག  ཛུས་རིག་གནམ་ཐང་དུ་མཁན་རིན་པོ་ཆེ་ཐུབ་བསྟན་ལེགས་སྨོན་ལགས་དང་དགེ་འདུན་ཁག་ཅིག་དང་།  མི་མང་ཚོགས་གཙོ་གང་གཞོན་ཚང་བློ་བཟང་ལགས།  ཚོགས་གཞོན་བསམ་པ་ལགས།  ཡུ་རོབ་སྤྱི་ཟུར་གསང་གླིང་ཚེ་རྡོར་ལགས་དང་གང་གཞོན་ཚང་ངག་དབང་ལགས།   ས་འཐུས་ཁག་ཅིག་བཅས་མི་གྲངས་བཅུ་ཕྲག་སྐོར་ནས་མཇལ་དར་དཀར་གཙང་འབུལ་ཞུས་བཅས་ཕེབས་བསུ་གཟབ་རྒྱས་ཞུས་སོང་བའི་གནས་ཚུལ།   སྒོ་སྤེ་ཡོན་ཏན།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

7 དང་ 1 སྡོམས་རོགས།