ང་ཆོས་ངོ་སྤྲོད་དང་སློབ་གསོའི་ལས་འཆར་ཐེངས་བརྒྱད་པ་ཚོགས།
སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་སྒྲིག་འཛུགས་ཀྱིས་ནང་ཆོས་ངོ་སྤྲོད་དང་བོད་དོན་སློབ་གསོའི་ལས་འཆར་ཐེངས་བརྒྱད་པ་འདི་བཞིན་༼VOLKETSWIL༽ཕོལ་ཀེཊྲ་སི་ཝིལ་ས་གནས་ཚོགས་ཆུང་དུ་ཕྱི་ལོ་ ༢༠༡༧།༠༡།༢༡ ཉིན་མཁན་རིན་པོ་ཆེ་མཆོག་དང་ས་གནས་སྐུ་ཚབ་དོན་གཅོད་མཆོག་རྣམ་གཉིས་དབུ་བཞུགས་ཐོག་བསྐོང་ཚོགས་གནང་།
གོང་ཚེས་ཉིན་གྱི་སྔ་དྲོའི་ཚོུད་ ༡༠།༡༥ ཐོག་མི་མང་བདུན་བཅུ་བརྒལ་བ་འདུ་འཛོམས་ཀྱིས་ལས་རིམ་དབུ་འཛུགས་གནང་བ་དང་། མཁན་རིན་པོ་ཆེ་ནས་དབུ་མ་རིན་ཆེན་འཕྲེང་བ་ལེའུ་དང་པོ་ཐོག་ནས་ནང་ཆོས་ངོ་སྤྲོད་གནང་བ་དང་། ཚོགས་ཆུང་ནས་མང་ཚོགས་ལ་ཞལ་ལག་རྒྱས་པ་ཞིག་གོ་སྒྲིག་གནང་འདུག་པ་དང་། ཞལ་ལག་གྲུབ་རྗེས་ས་གནས་སྐུ་ཚབ་དོན་གཅོད་སྐུ་ངོ་དངོས་གྲུབ་རྡོ་རྗེ་མཆོག་ནས་བོད་དོན་སློབ་གསོའི་ལས་འཆར་དབུ་འཛུགས་གནང་། ཐོག་མར་སློབ་གསོ་དབུ་འཛུགས་སྐབས་བོད་ཀྱི་བདེན་པའི་འཐབ་རྩོད་ཀྱི་གནས་བབ་ཁྲོད་ནས་ལེགས་པའི་ཆ་དང་མ་ལེགས་པའི་ཆ་གཉིས་ཡོད་པ་ནས་དེ་རིང་གི་བརྗོད་གཞི་འདི་བཞིན་མ་ལེགས་པའི་ཆ་ནས་བཤད་དགོས་པ་སོང་ད་ལྟའི་ཆར་མ་འོས་པ་དང་མ་ལེགས་པ་རྣམས་འགྲེལ་བརྗོད་དང་དེ་རྣམས་འོས་པ་དང་ལེགས་པར་འགྲུབ་པར་བྱེད་པར་བྱ་བ་གང་བྱེད་སྐོར་གསུང་རྒྱུ་ཡིན་པ་འགྲེལ་བརྗོད་དང་སྦྲེལ་མང་ཚོགས་ལ་ཚོར་བ་སྐྱེ་བར་བྱེད་པའི་སློབ་གསོ་གཏིང་ཟབ་གནང་བ་དང་ཚོགས་མི་མང་དག་ནས་ཚོར་བ་ཆེན་པོའི་ངང་བསྔགས་བརྗོད་དང་དོགས་འདྲི། དེ་བཞིན་ལག་གཉིས་ཐལ་མོ་སྦྱར་བཞིན་ཐུགས་རྗེ་ཆེ་ཞུ་བ་སོགས་ཀྱི་མང་ཚོགས་ལ་ཚོར་བ་ཆེན་པོ་ཞིག་སྐྱེས་པ་སོགས་ཀྱིས་མཚོན་པའི་ལས་འཆར་འདི་བཞིན་ཧ་ཅང་གི་ལེགས་གྲུབ་བྱུང་བ་དང་སྦྲག་ས་གནས་འཐུས་མི་འགར་སྣེ་བདེ་སྐྱིད་ལགས་ནས་ཚང་མར་ཐུགས་རྗེ་ཆེ་ཞུ་བ་བཅས་ཐེངས་འདིའི་ལས་རིམ་འཇུག་བསྡུ་གནང་ཡོད་འདུག
གནས་ཚུལ་མཁོ་གཏོང་བ། ཚོགས་གཙོ་བསྟན་འཛིན་སྙིང་པོ།
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།