གྲོང་ཁྱེར་འཇི་ནིའི་བར་སུད་སི་དང་ལེཀ་ཊེན་སྤྲཡན་བོད་རིགས་མི་མང་གི་ལས་འགུལ་ཐེངས་༡༡པ་དེ་བསྲུངས་བརྩི་ཞུས་པ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་བ་ ༤ ཚེས་ ༢༥ ཉིན་སུད་སི་དང་ལེཀ་ཊེན་སྤྲཡན་བོད་རིགས་མི་མང་གི་ལོ་གཉིས་ཀྱི་ལས་འགུལ་ནང་ནས་ད་རིང་ཐེངས་ ༡༡ པ་ཀུན་གཟིགས་པཎ་ཆེན་རིན་པོ་མཆོག་དགུང་གྲངས་ ༢༣ ལ་ཕེབས་པས་སྐུའི་འཁྲུངས་སྐར་དུས་དྲན་ཉིན་གྲོང་ཁྱེར་འཇི་ནིའི་བར་ས་གནས་ཧོར་གྷན་དང་ལའོ་སན་གཉིས་ཀྱི་གོ་སྒྲིག་འོག་འཛམ་གླིང་རྒྱལ་སྤྱིའི་མདུན་ཐང་དུ་ཞི་རྒོལ་དང་མཆོད་འབུལ་རྒྱ་ཆེ་ཞུས་ཡོད་པ་རེད། ཞོགས་པ་ཕྱག་ཚོད་ ༡༠་་༣༠ ཡོལ་ཙམ་ས་གནས་འཇི་ནི་བར་འབྱོར་མ་ཐག་མི་མང་ ༧༠ ལྷག་སྐོར་ནས་རྒྱལ་སྤྱིའི་མདུན་ཐང་དུ་ཀུན་གཟིགས་པཎ་ཆེན་ཡང་སྤྲུལ་རིན་པོ་ཆེ་མཆོག་གི་སྐུ་པར་བསྒྲིགས་བཤམས་དང་འབྲེལ་རིན་པོ་ཆེ་གང་ཉིད་བཙོན་ཁང་ནས་གློད་གྲོལ་གཏོང་དགོས་པས་འཕྲེད་དར་དང་། ཡང་སྤྲུལ་མཆོག་བཙོན་ཁང་དུ་ཡོད་པས་མཚོན་དོན་གྱི་ལྕག་གི་རྭ་བའི་བཙོན་ཁང་དང་རྒྱ་དམར་གྱི་དམག་མིའི་ཆས་གོས་གྱོན་པ་བཅས་གོ་སྒྲིག་ཞུས་པ་དང་། གཡས་གཡོན་མི་མང་ལ་ས་ཡིག་བསྡུ་རུབ་བཅས་གནང་ཡོད་པ་རེད།ཐོག་མར་ས་གནས་ཧོར་གྷན་འཐུས་མིས་མང་ཚོགས་ལ་ལས་རིམ་གསལ་བཤད་དང་མི་མང་ཚོགས་གཞོན་བསམ་པ་དོན་གྲུབ་ལགས་ནས་གསུང་བཤད་དང་། སུད་སི་དོན་ཁང་བསམ་འཕེལ་ལགས་ནས་ཀྱང་ཞི་རྒོལ་མུ་འཐུས་གནང་རྒྱུ་གལ་ཆེ་དང་དེ་ཡང་ཞི་བའི་ལམ་དང་ཡུལ་ཁྲིམས་མཐུན་པའི་ཐོག་ཆེན་མཐོང་ཡོད་པས་ཞི་རྒོལ་གནང་རྒྱུ་བཅས་འབོད་སྐུལ་གནང་ཡོད། མུ་མཐུད་མང་ཚོགས་ནས་༸སྐྱབས་སེམས་དང་༸རྒྱལ་བའི་༸ཞབས་བརྟན། ཡང་སྤྲུལ་རིན་པོ་མཆོག་གི་༸ཞབས་བརྟན། མ་ཎི་དང་སྒྲོལ་མའི་མཚན་སྔགས་བཅས་བསོགས་བསྒྲུབས་གནང་ཡོད། ཉིན་རྒྱབ་ཞི་རྒོལ་དང་འབྲེལ་བའི་སྐད་འབོད་གནང་པ་དང་མུ་མཐུད་རང་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་རང་ལུས་མེར་བསྲེགས་གནང་མཁན་རྣམས་ཀྱི་ཆེད་མ་ཎི་དང་སྨོན་ལམ་མཆོད་འབུལ་བཅས་ཞུས་ནས་ཉིན་རྒྱབ་ཕྱག་ཚོད་ ༣་་༣༠ ཡོལ་ཙམ་ལ་ལས་རིམ་མཇུག་བསྡུས་ཞུས་ཡོད་པ་རེད། འདྲ་པར་་
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།