གསར་འགོད་གསལ་བསྒྲགས།

དེ་རིང་ཕྱི་ཚེས་བདུན་གྱི་སྔ་དྲོ་ས་གནས་ཆུ་ཚོད་༡༡ ནས་ཇི་ནི་ཝའི་Press Club ནང་དུ་གསུམ་བཅུའི་དུས་དྲན་དང་འབྲེལ་བའི་གསར་འགོད་ལྷན་ཚོགས་ཤིག་འཚོགས་པར་ས་གནས་གསར་འགོད་པ་ཁག་ཅིག་མཉམ་ཞུགས་བྱས་ནས་དྲི་བ་དྲི་ལན་གནང་།

ཐེངས་འདིའི་ལས་འགུལ་སྟེང་ཆེད་ཕེབས་སྐུ་མགྲོན་སྐུ་མགྲོན་གཙོ་བོ་ཀརྨ་ཡེ་ཤེས་དང་སུད་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ཐྰོ་མ་སི། དབུས་བོད་མིའི་སྒྲིག་འཛུགས་དང་༧གོང་ས་མཆོག་གི་སྐུ་ཚབ་དོན་གཅོད་གཅིག་ལྕོགས་སྐུ་ངོ་དངོས་གྲུབ་རྡོ་རྗེ། དེ་བཞིན་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གི་ཚོགས་གཙོ་སོགས་དབུ་བཞུགས་ཐོག་ལས་འགུལ་དབུ་འཛུགས་གནང་།

  

སུད་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་མཆོག་གིས་དེ་རིང་གསར་འགོད་ལྷན་ཚོགས་སྟེང་གསུངས་དོན། ༼དེངསྐབས་འཛམ་གླིང་གི་ཚགས་ཤོག་དེ་གསར་འགོད་པའི་དོ་སྣང་སྤྲོད་ཕྱོགས་ནི་སི་རའི་གནད་དོན་ལས་བོད་ཀྱི་གནད་དོན་ཐོག་ལ་དོ་སྣང་དེ་ཙམ་མི་འདུག  བོད་དུ་བོད་མི་༡༥༡ ལྷག་རང་ལུས་མེ་བསྲེགས་བཏང་ཡོད་པ་དང་བོད་ཀྱི་གནས་སྟངས་ནི་ཧ་ཅང་གི་ཛ་དྲག་ཡིན་ན་ཡང་། རྒྱ་ནག་གི་དབང་ཤུགས་ཀྱི་འོག་ནས་བོད་ལ་རྒྱལ་སྤྱིའི་དོ་སྣང་དེ་ཙམ་བྱེད་ཐུབ་ཀྱིན་མེད་པ་འདྲ་བོ་རེད།༽ ཁོང་གིས་མུ་མཐུད་དུ་གསུངས་དོན། ༼བོད་ཀྱི་སྲོལ་རྒྱུན་གྱི་རིག་གནས་ཤུལ་བཞག་ལྷ་སའི་ཇོ་ཁང་ལ་ཉེ་སྔོན་མེ་སྐྱོན་ཤོར་ཡོད་ཀྱང་རྒྱ་ནག་གིས་སྲིད་ཇུས་འོག་ང་ཚོས་དེའི་དོན་གྱི་གནས་ཚུལ་དངོས་དེ་ཤེས་རྟོགས་ཐུབ་ཀྱིན་མེད་ལ་དེ་བཞིན་བླ་རུང་སྒར་ལྟ་བུ་ལ་མཚོན་ན་ཡང་གཏོར་བཤིག་ཆེན་པོ་ཞེ་དྲགས་བཏང་ཡོད་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དེ་འདྲའི་དོ་སྣང་བྱེད་ཐུབ་ཀྱིན་མེད།༽ཟེར།

ཁོང་གིས་འབོད་སྐུལ་ཞུ་དོན། ༼རྒྱ་ནག་གི་སྟོབས་ཤུགས་ཆེ་རུ་སོང་བ་དང་བསྟུན་ནས་ལག་པ་དེ་ཡང་རིང་དུ་སོང་ནས་ཡུ་རོབ་དང་ཨ་རི་སོགས་སུ་སླེབས་པ་དང་གཞན་ཡུལ་ནས་སྟོབས་ཤུགས་ངོམས་ཡོང་གིན་འདུག་ན་འཛམ་གླིང་མི་མང་གིས་དེ་ཤེས་པའི་ཐོག་ནས་བོད་དོན་ལ་དོ་སྣང་དང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཐད་ལ་དོ་སྣང་ཤུགས་ཆེན་བྱེད་རོགས་༽ཟེར།

བོད་དུ་བྱུང་བའིི་གནས་ཚུལ་རྣམས་ང་ཚོས་རྒྱུ་ལོན་ཅི་ཡང་བྱེད་ཐུབ་ཀྱིན་མེད།

ང་ཚོས་དེ་རིང་འདིར་ཡུ་རོབ་བོད་དང་མཉམ་དུ་ཡོད་ཅེས་པའི་ལས་འགུལ་སྤེལ་གྱིན་ཡོད་ལ་ང་ཚོའི་ཡོ་རོབ་ཀྱི་དམངས་གཙོའི་ལྟ་གྲུབ་ཀྱི་གལ་ཆེན་རང་བཞིན་དེ་ཉར་ཐུབ་དགོས་པ་དང་དེ་བས་ཀྱང་ཡུ་རོབ་ཀྱི་རིག་གནས་དང་དམངས་གཙོའི་ལྟ་གྲུབ་ཚང་མ་རྒྱ་ནག་ལ་གསལ་སྟོན་བྱེད་དགོས་པ་རེད།

དཔལ་འབྱོར་བཀའ་བློན་མཆོག་གི་དེ་རིང་གིས་གསར་འགོད་གསལ་བསྒྲགས་ཐོག་གསུངས་དོན། ༼དེ་རིང་ངས་འདིར་ཕེབས་པའི་སྐུ་མགྲོན་རྣམས་དང་གསར་འགོད་པ་རྣམ་ལ་འཚམས་འདྲི་ཞུ་བཞིན་ཡོད།  ལོ་ངོ་བཅུ་གྲངས་འགའི་སྔོན་དུ་ང་ས་འདིར་ཡོང་ནས་བོད་ཀྱི་བདེན་མཐའ་གསལ་ཆེད་ཟས་བཅད་ངོ་རྒོད་བྱས་ཡོད། དེ་རིང་ངས་འདི་ལྟར་ཡང་བསྐྱར་བོད་དོན་ཀྱི་ཆེད་དུ་སྐད་ཆ་བཤད་བཞིན་ཡོད། གོ་ལ་འདིའི་སྒང་གི་རིག་གནས་གལ་ཆེན་ཞིག་གི་ཤུལ་བཞག་ཡོད་པའི་མི་རིགས་ཤིག་གི་ཆེད་དུ་སྐད་ཆ་བཤད་ཀྱིན་ཡོད།   དེང་སྐབས་འཛམ་གླིང་མི་མང་ལ་ཕན་ཞིང་རྒྱབ་ལྗོངས་ཀྱི་ལོ་རྒྱུས་ཧ་ཅང་མཐུག་པའི་ང་ཚོའི་རིག་གནས་འདིར་ཡང་རྒྱ་ནག་གིས་ཕྱོགས་ཡོངས་ནས་བོད་མེད་པར་བཟོ་ཐབས་བྱེད་བཞིན་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྒྱ་ནག་ལ་གནོན་ཤུགས་སྤྲད་ཐུབ་པའི་རེ་བ་ཡོད་༽ཟེར།

ཁོང་གིས་མུ་མཐུད་དུ་གསུངས་དོན། ༼བོད་ནི་འཛམ་གླིང་གི་སྣེ་གསུམ་པར་འབོད་ཀྱི་ཡོད་ལ་ཨེ་ཤ་ཡའི་རྒྱལ་ཁབ་མང་པོས་བོད་ནས་བཞུར་པའི་ཆུ་ལོངས་སྤྱོད་བྱེད་ཀྱིན་ཡོད་པ་ཀུན་གྱིས་ཤེས་གསལ་རེད།། ཡིན་ན་ཡང་དེང་སྐབས་རྒྱ་ནག་གིས་རང་བྱུང་ཆུ་རྒྱུན་ཁ་བསྒྱུར་གྱིས་རང་བྱུང་ཁམས་ཆེན་པོའི་ཁོར་ཡུག་ལ་གནོད་པ་འཚབ་ཆེན་བཟོ་བཞིན་ཡོད་པ་སོགས་ལ་རྒྱལ་ཚོགས་གཙོས་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་དོ་སྣང་བྱེད་རོགས་༽ཟེར།

སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གི་ཚོགས་གཙོ་མཆོག་གིས་གསར་འགོད་གསལ་བསྒྲགས་སུ་ཕེབས་པའི་སྐུ་མགྲོན་རྣམ་པ་དང་། གསར་འགོད་པ་རྣམ་པ། དེ་བཞིན་འབྲེལ་ཡོད་ཆ་ཤས་ལེན་མཁན་རྣམས་ལ་ཐུགས་རྗེ་ཆེ་ཞུས། གཞན་ལས་དོན་འདིའི་འགོ་མཇུག་བར་གསུམ་དུ་ཐུགས་ཁུར་གནང་མཁན་དང་ལས་དོན་སྒྲུབ་ཕྱོགས་སོགས་མི་མང་ལ་ངོ་སྤྲོད་དང་ཐེངས་འདིའི་ལས་འགུལ་གྱི་དམིགས་ཡུལ་་སྒྲོགས་རྒྱང་གནང་།

མཐར་གསར་འགོད་པ་ཁག་ཅིག་གིས་དྲི་བ་དྲིས་པར་སྐུ་ངོ་དཔལ་འབྱོར་བཀའ་བློན་མཆོག་གིས་ལན་འདེབས་སོགས་ལས་འགུལ་མཇུག་བསྡུ་གནང་།

 

http://pressclub.ch/europe-stands-with-tibet-59th-anniversary-of-the-tibetan-national-uprising/?lang=en

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

2 དང་ 2 སྡོམས་རོགས།