གདུང་སེམས་མཉམ་བསྐྱེད།
༄༅། །ཉེ་ལམ་ཧྥི་རན་སིར་རྒྱ་ནག་ཟ་ཁང་གི་སྦྱིན་བདག་རྒྱ་རིགས་ཤིག་གིས་ཟ་ཁང་དེར་ལས་ཀ་བྱེད་མཁན་ཚུལ་ཁྲིམས་ལགས་དམར་གསོད་བཏང་བའི་དོན་རྐྱེན་ཐད། སུད་སི་དང་ལིག་ཏེན་སི་ཊཡན་བོད་རིགས་མི་མང་སྐབས་ ༡༨ འཐུས་ཚོགས་ངོས་ནས། འདས་པོའི་ནང་མི་ཡོངས་ལ་གདུང་སེམས་མཉམ་བསྐྱེད་དང་། ལག་དམར་རྒྱ་རིགས་དེ་དང་དེ་འབྲེལ་གྱི་མི་སྣ་སུ་ཡང་ཐར་ཐབས་མེད་པར་ཁྲིམས་ལྟར་ཐག་གཅོད་ནན་པོ་ཡོང་བ། ལྷག་དོན་རྒྱ་ནག་གཞུང་གིས་ད་ལྟའི་བར་བོད་མི་ས་ཡ་གཅིག་ལྷག་དམར་གསོད་བཏང་བའི་གདུག་རྩུབ་གྱི་བྱེད་སྤྱོད་མཚམས་མི་འཇོག་པར། མུ་མཐུད་དངོས་ཤུགས་བརྒྱུད་གསུམ་ནས་བོད་པ་བཙན་བྱོལ་བའི་ནང་བསུན་གཙེར་གྱི་ལས་འགུལ་མུ་མཐུད་སྤེལ་བཞིན་པའི་དཔེ་མཚོན་གསལ་བོ་འདི། རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་། ནུབ་ཕྱོགས་རང་དབང་ལྡན་པའི་རྒྱལ་ཁབ་ཁག་གིས་བརྟག་ཞིབ་གཟབ་ནན་གནང་ཞིང་། རྒྱ་ནག་གི་གདུབ་རྩུབ་མནར་གཅོད་དབང་གིས་ནང་མི་དང་ཁ་བྲལ་ནས་རང་དབང་ལུང་པར་སྐྱབས་བཅོལ་དུ་སླེབས་པའི་བོད་མི་རྣམས་ཀྱི་ཉིན་རེའི་འཚོ་བའི་བདེ་འཇགས་དང་ཚེ་སྲོག་ལ་འགན་ལེན་ཡོང་བའི་འབོད་སྐུལ་ཤུགས་ཆེན་ཞུ་རྒྱུ་དང་། དོན་རྐྱེན་འདི་འབྲེལ་ཐད་ཧྥི་རན་སི་ནང་གནས་སྡོད་བོད་མི་ཡོངས་ཀྱིས་རྡོག་རྩ་གཅིག་སྒྲིལ་ཐོག་ལས་འགུལ་གཞི་རྒྱ་ཆེ་བ་སྤེལ་བཞིན་པར་རྒྱབ་སྐྱོར་མཐའ་གཅིག་ཏུ་ཞུ་རྒྱུ་བཅས།
སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་སྐབས་ ༡༨ པའི་འཐུས་ཚོགས་ནས།
༢༠༢༢ ཟླ་ ༧ ཚེས་ ༢༠ ཉིན།
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།