༸དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་སུད་སིར་བདེ་ཕེབས་ཟིན་པ།
༢༠༡༣ ཕྱི་ཟླ་ ༧ ཚེས་ ༡༡ རེས་གཟའ་ཕུར་བུ་ཕྱི་དྲོ་ཕྱག་ཚོད་ ༡༧/༠༠ ཐོག་༸དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་སུད་སི་གྲོང་ཁྱེར་ཛུས་རིག་གནམ་ཐང་དུ་བདེ་བར་ཞབས་སོར་འཁོད་པ་དང། གནམ་ཐང་དུ་སུད་སི་དང་ལེཀ་ཏེན་སིཊཡན་བོད་རིགས་མི་མང་གི་ས་གནས་འཐུས་ཚོགས་ཀྱི་ཚོགས་གཞོན་བསམ་པ་དོན་གྲུབ་ལགས་དང་རྒྱུན་ལས་འཐུས་མི་ཁག་ཅིག སྐུ་ཚབ་དོན་གཅོད་ཆོས་སྐྱབས་པ་ཚེ་བརྟན་བསམ་གྲུབ་ལགས། ཡུ་རོབ་གཞོན་ནུའི་ཚོགས་གཙོ། སུད་བོད་མཛའ་འབྲེལ་ཚོགས་པའི་སྐུ་ཚབ་སོགས་བོད་རིགས་རྣམས་ནས་མཇལ་དར་དཀར་གཙང་ཕུལ་བ་སོགས་ཕེབས་བསུ་གཟབ་རྒྱས་ཞུས་སོང་ལ། སང་ཉིན་རེས་གཟའ་པ་སངས་དགོང་དྲོ་ས་གནས་འཐུས་ཚོགས་ཀྱི་རྒྱུན་ལས་དང་ལྷན་ཚོགས་བསྐྱང་རྒྱུ་མ་ཟད། རེས་གཟའ་སྤེན་པ་ཉིན་རྒྱབ་འདི་ཁུལ་གྱི་བོད་རིགས་མི་མང་ལ་བཀའ་སློབ་གསུང་བཤད་དང་བཀའ་འདྲི་བཀའ་ལན་གནང་རྒྱུ་སོགས་ཀྱི་ལས་རིམ་ཡོད་འདུག སྒོ་སྤེ་ཡོན་ཏན་གྱིས།
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།