༄༅། སྐབས་བཅུ་དྲུག་པའི་ས་གནས་འཐུས་ཚོགས། ( གྲོས་ཚོགས། )

༢༠༡༦  ཕྱི་ཟླ་ ༢ ཚེས་  ༢༧  རེས་གཟའ་སྤེན་པའི་ཞོགས་པ་སུད་སི་དང་།  ལིཀ་ཏེན་སིཊཡན་བོད་རིགས་མི་མང་གི་ས་གནས་འཐུས་ཚོགས་སམ་གྲོས་ཚོགས་ཐེངས་གཉིས་པ་སྐོང་འཚོག་གནང་སོང་།  ས་འཐུས་ཚང་མ་ཕེབས་འཛོམས་དང་སྟབས་བསྟུན་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས།  ཚོུད་  ༡༠/༡༥  ཐོག་ཚོགས་གཙོ་བསྟན་འཛིན་སྙིང་པོ་ལགས་ནས་སྐབས་བཅུ་དྲུག་པའི་ས་གནས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་གཉིས་པ་དབུ་འཛུགས་གནང་སོང་ལ།  ཚང་མ་སྐུ་བཞེངས་གནང་ཐོག་ས་འཐུས་བོད་དྲུང་དཔལ་ཁང་དཔལ་ལྡན་ལགས་ནས་དབུ་འཛུགས་ཀྱི་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་གུས་བཏུད་མྱ་ངན་སྐར་མ་གཅིག་བཅས་ཞུས།  ཚོགས་གཙོས་གུས་བསུ་དང་བཅས་ཚོགས་འདུ་དབུ་འཛུགས་གནང་ཞིང།  ལས་རིམ་བྱེད་སྒོའི་སྐོར་གསལ་བཤད་གནང་།  བོད་དྲུང་དཔལ་ཁང་དཔལ་ལྡན་ལགས་ནས་ས་གནས་འཐུས་མི་ ༦ ཙམ་དགོངས་ཞུ་བྱུང་བ་གསལ་བསྒྲགས་དང་འབྲེལ་འཐུས་ཚོགས་ཀྱི་གྲུབ་ཆ་གསུམ་ཆ་གཉིས་ཡན་ཟིན་ཡོད་པ་གསལ་བསྒྲགས་ཞུས།  དེ་ནས་ཚོགས་གཙོ་མཆོག་གིས་ཚོགས་འདུའི་འགྲོ་ལུགས་བཞིན་ཚང་མས་ཐུགས་སྣང་གང་ཟབ་གནང་དགོས་པའི་འབོད་བསྐུལ་གནང་དོན།  གྲོས་ཚོགས་ཐེངས་དང་པོའི་སྐབས་ཀྱི་གྲོས་ཆོད་ཁག་དོན་གནས་ཕྱག་བསྟར་ཐུབ་པ་བྱུང་ཡོད་པ་ནི་གཙོ་ཆེར་འཐུས་ཚོགས་ནས་བོད་སྤྱི་པའི་དོན་ལ་ལྷག་བསམ་གཡོ་མེད་འགན་བཞེས་ཡོད་པ་དང་།  ང་ཚོའི་གནས་བབ་ཛ་དྲག་ཇི་ཙམ་ཡོད་པ་བཞིན་རང་ནུས་མཉམ་རུབ་ཐུགས་འགན་བཞེས་དགོས་པ་སོགས་ནན་བསྐུལ་གནང་། 

ལས་རིམ་ནང་གཞུང་འབྲེལ་གྱི་གྲོས་གཞི་གྲོས་ཆོད་ཁག་གསུམ་འདུག་པར་བགྲོ་གླེང་ལྷུག་པོ་གནང་སོང་ལ།  གྲོས་གཞི་གྲོས་ཆོད་དང་པོ་སྤྱི་མོས་དང་།  གྲོས་གཞི་གྲོས་ཆོད་གཉིས་པར་བར་ཞུགས་གཅིག་བཅས་མང་མོས་གྲོས་ཆོད།  གྲོས་གཞི་གྲོས་ཆོད་ཨང་ ༣ པར་དབུས་གཙང་སྤྱི་འཐུས་འདས་པོ་ཀརྨ་ཆོས་འཕེལ་ལགས་ཀྱི་ཐད་མྱ་ངན་རྗེས་དྲན་ཞུ་རྒྱུར་དགོངས་ཚུལ་མེད་ནའང།  གྲོས་ཆོད་གཏན་འབེབས་གནང་རྒྱུ་སོགས་དགོས་གལ་མེད་པའི་དགོངས་ཚུལ་བཅས་བགྲོ་གླེང་གང་འཚམས་བྱུང་སོང་བར་ཁོང་ཉིད་སྤྱི་འཐུས་ཙམ་མ་ཡིན་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་གཅིག་ཡིན་པའི་ཆ་ནས་ད་རེས་གྲོས་ཆོད་དགོས་གལ་ཡོད་གནས་སོགས་བགྲོ་གླེང་དང་བཅས་གྲོས་ཆོད་ཁག་གཏན་འབེབས་བྱུང་སོང་།

ཡིག་ཆ ། ༡༽༄༅། སྤྱི་ནོར་༧གོང་ས་༧སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བརྟན་པའི་༧རྒྱལ་བའི་བཀྲིན་རྗེས་དྲན་གྲོས་འཆར་གྲོས་ཆོད་འདོན་མི་མི་མང་ཚོགས་གཞོན་བླ་རྙིང་པདྨ་ཚེ་རིང་ལགས་སྤྱི་མོས་ཀྱི་གྲོས་ཆོད།

ཡིག་ཆ། ༢༽༄༅། ༧སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་དང་།  ༧སྐྱབས་རྗེ་བྱ་བྲལ་རིན་པོ་ཆེ་རྣམ་གཉིས་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་པར་མྱ་ངན་རྗེས་དྲན།  གྲོས་འཆར་གྲོས་ཆོད་འདོན་མི་ས་འཐུས་བོད་དྲུང་དཔལ་ཁང་དཔལ་ལྡན་ལགས་ནས་གནང་བར་མི་གཅིག་བར་ཞུགས་ཡོད་པར་སོང་མང་མོས་གྲོས་ཆོད།

ཡིག་ཆ། ༣༽༄༅། གཞུང་འབྲེལ་དུང་སེམས་མཉམ་སྐྱེད་ཀྱི་གྲོས་འཆར་གྲོས་ཆོད། གྲོས་འཆར་འདོན་མི་ས་འཐུས་སྟག་ལྗོངས་ཞབས་ཚང་འཆི་མེད་རྡོ་རྗེ་ལགས་ཡིན་པ་དང་། བར་ཞུགས་ ༥ ཙམ་ཡོད་པར་མང་མོས་གྲོས་ཆོད་གཏན་འབེབས་བཅས།

ཡིག་ཆའི་དག་ཆ་དང་བརྗོད་གཞི་གསལ་ཁ་ཞུ་རྒྱུ་སོགས་དོན་གནད་ཁ་ཤས་བྱུང་སོང་བ་ས་འཐུས་བོད་དྲུང་དཔལ་ཁང་དཔལ་ལྡན་ལགས་ནས་གནང་ཐོག ཚོགས་གཙོར་འབུལ་རྒྱུ་བཅས་ཀྱི་གྲོས་ཆོད་དང་།  ཐེངས་འདིའི་ས་གནས་འཐུས་ཚོགས་སམ་གྲོས་ཚོགས་བཀྲིས་ལེ་འགྲིག་ངང་མཇུག་བསྡོམས་དང་བཅས་ཚོགས་གཙོས་ཚང་མར་ལོ་དུས་དང་པོའི་གྲོས་ཚོགས་གཉིས་པ་ཚགས་འཚུད་ངང་འགྲོ་ཐུབ་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་མ་འོངས་པར་ཡང་ཚང་མས་དེ་ལྟར་གནང་ཐབས་ཡོང་བ་ཞུས་ནས་ཉིན་གུང་གསོལ་ཚིགས་བར་གསེང་གནང་སོང་བ་བཅས་ཀྱི་ཚིག་ཐོ་སྙིང་བསྡུས་སུ།  སྒོ་སྤེ་ཡོན་ཏན།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

6 དང་ 5 སྡོམས་རོགས།