༄༅། །ས་གནས་ཧོར་གྷན་བོད་རིགས་མིང་མང་གི་འཐུས་མི་དང་རྒྱུན་ལས་གསར་འདེམས།
ཟླ་བ་ ༤ ཚེས་ ༨་ཉིན་ས་གནས་ཧོར་གྷན་ཚོགས་ཆུང་གི་སྐབས་༡༧པའི་འཐུས་མི་གསར་རྙིང་གི་དབར་གྱི་རྩིས་ལེན་ཞུས་པ་དང་། ཚོགས་ཆུང་ནས་འོས་འདེམས་བྱུང་བས་མི་འཐུས་དང་པོ་མཚམས་མདའ་ནོར་བུ་ལགས་སུད་སི་དང་ལེཊ་སིཊཡན་བོད་རིགས་མི་མང་གི་ཚོགས་གཙོར་འདམས་ཐོན་བྱུང་གཏན།
ས་གནས་སུ་མི་འཐུས་གསར་པ་ཞིག་ཧོར་གྷན་མི་མང་སྤྱི་མོས་ཐོག་བསྟན་འཛིན་དབང་འདུས་ལགས་སུ་འོས་འདེམས་བྱུང་རྗེས་ འདམས་ཐོན་བྱུང་བའི་མི་འཐུས་གསར་པས་ས་གནས་སུ་རྒྱུན་ལས་མི་སྣ་བརྒྱད་བསྐོ་བཞག་གནང་བ་བཞིན་མང་ཚོགས་ནས་སྤྱི་མོས་ཐོག་རྒྱབ་བསྐྱོར་གནང་སོང་།
རྒྱུན་ལས་མོ་སྣ་བརྒྱད་ཀྱི་ནང་ནས་འཐུས་མིའི་ལས་རོགས་དང་ཕྱི་འབྲེལ་གཅིག་ལྕོགས་སུ་མི་གཅིག་ དངུལ་གཉེར་མི་གཉིས་ གཉེར་པ་གཉིས་ བོད་སློབ་འགན་འཛིན་གཅིག་དང་མཛད་སྒོ་གོ་སྒྲིག་པ་མི་གཅིག་བཅས་བསྐོ་བཞག་གནང་སོང་བ་བཅས་ཀྱི་གནས་བསྡུས་སུ། ཚོགས་བློ་གསལ་ནས།
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།