The 6th Maha Guru Bumtsok Prayer Festival, 2019

༄༅། ཤ་རུས་གདུང་རྒྱུད་གཅིག་པའི་དད་ལྡན་བོད་རིགས་སྤུན་ཟླ་ཡོངས་ཀྱི་སྙན་ལམ་དུ།
དགོངས་མངའ་བཞིན་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་སྐབས་ ༡༧ པའི་འཐུས་ཚོགས་ཀྱིས། འཛམ་གླིང་སྐྱེ་འགྲོ་ཡོངས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་དགུང་ཀེག་མཚན་མ་མཐའ་དག་ལྷག་མེད་དུ་ཞི་ནས་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་། རླབས་ཆེན་མཛད་འཕྲིན་ཕྱོགས་བཅུར་རྒྱས་པ་དང། རིས་མེད་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམས་སྐུ་ཚེ་བརྟན་ཅིང་། མཛད་འཕྲིན་གོང་དུ་འཕེལ་བ། རིས་མེད་རྒྱལ་བསྟན་བཤད་སྒྲུབ་ཟུང་གིས་ཉི་ཟླ་ལྟར་དར་ཁྱབ་ཡུན་དུ་གནས་པ། བོད་བསྟན་སྲིད་མི་རིགས་ཆེད་ལུས་སྲོག་ལོངས་སྤྱོད་ཕངས་མེད་སྦྱིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་འདི་ཕྱི་འཕྲལ་ཡུན་ལེགས་ཚོགས་ལྷུན་གྱིས་འགྲུབ་པ་དང་། བོད་མི་ཡོངས་ཀྱི་སྤྱི་མཐུན་བསོད་ནམས་གོང་མཐོར་འཕེལ་ཞིང་། ཕྱི་ནང་གི་རྐྱེན་ངན་བར་ཆད་ཡོད་རྒུ་ཞི་ནས་རྫོགས་ལྡན་ཆོས་ཀྱི་དཔལ་ལ་རྟག་ཏུ་རོལ་བ་བཅས་ཀྱི་ཆེད། མ་ཧཱ་གུ་རུའི་འབུམ་ཚོགས་ཀྱི་སྤྱི་སྨན་ཞབས་རིམ་ཐེངས་དྲུག་པའི་འཚོགས་མགོན་གྱི་དབུ་བླར་དཔལ་འབྲི་གུང་བཀའ་བརྒྱུད་ཀྱི་སྐྱབས་རྗེ་དབོན་སྤྲུལ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་འདི་ལོའི་ཕྱི་ཟླ་ ༥ ཚེས་ ༣༠ ནས་ ཕྱི་ཟླ་ ༦ ཚེས་ ༡ བར་ཉིན་གསུམ་རིང་ཚོགས་གཏན་འཁེལ་བ་ལགས་ན་གང་མང་མཉམ་ཞུགས་དང་། ས་གནས་བོད་རིགས་སྤྱི་སྒེར་གཉིས་ནས་ཞལ་འདེབས་རྒྱ་གང་ཆེ་ཡོང་བའི་དགེ་བསྐུལ་ཞུ་བ་དང། ཚོགས་འབུམ་ཆེན་མོ་འདི་བཞིན་བོད་ཀྱི་བདེན་མཐའ་མ་གསལ་གྱི་བར་དུ་བོད་མི་ཡོངས་ཀྱི་སྤྱི་མཐུན་བསོད་ནམས་གོང་འཕེལ་ཆེད་ས་གནས་བོད་རིགས་མི་མང་སྒྲིག་འཛུགས་ནས་རྒྱུན་ཆད་མེད་པར་འཚོགས་ཐུབ་པའི་སྨོན་འདུན་ཞུ་རྒྱུ་བཅས། སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་སྒྲིག་འཛུགས་ནས་ཕྱི་ལོ་ ༢༠༡༩།༠༤།༡༠ ཉིན།

ཚོགས་ཁང་། Auenhalle Aarau Rohr, Hinterdorfstrasse 21, 5032 Aarau
ཚེས་གྲངས། ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༣༠ ནས་ ཟླ་ ༦ ཚེས་ ༠༡ བར།

འབྲེལ་གཏུགས། ཚོགས་གཙོ། norbu.tsamda@hispeed.ch
འབྲེལ་གཏུགས། ཚོགས་གཞོན། phuentsok.chokchampa@bluewin.ch

Dear all,

The Tibetan Community in Switzerland & Liechtenstein (with the help of Central Tibetan Administration, Tibet Institute Rikon and Kunsang Dho-Ngak-Ling Tsechu Tsokpa) is organizing the annual Maha Guru Bumtsok since 2014. Since this is an obstacle year for His Holiness the Dalai Lama, this year’s Maha Guru Bumtsok is especially dedicated to overcoming all the obstacles for His Holiness the Dalai Lama and praying for His long life. Further, it is dedicated to our fellow countrywomen and countrymen who have sacrificed their lives for the cause of Tibet. We are delighted to announce that the 6th Maha Guru Bumtsok will take place from 30-May-2019 to 01-June-2019. His Eminence Kabje Ontul Rinpoche of the Drikung Kagyu lineage will guide and bless us during these three days. Like previous years we look forward to receiving generous contributions from individuals and organizations.

Venue: Auenhalle Aarau Rohr, Hinterdorfstrasse 21, 5032 Aarau

Contact:
President: norbu.tsamda@hispeed.ch
Vice President: phuentsok.chokchampa@bluewin.ch

Liebe Landsleute und Buddha Dharma Freunde

Die Tibeter Gemeinschaft in der Schweiz & Liechtenstein (mit Hilfe der Central Tibetan Administration, Tibet Institut Rikon and Kunsang Dho-Ngak-Ling Tsechu Tsokpa) organisiert die Guru Bumstok seit 2014. Da es ein Hindernis-Jahr für Seine Heiligkeit der Dalai Lama ist, widmen wir den diesjährigen Maha Guru Bumtsok ganz besonders der Überwindung aller Hindernisse für Seine Heiligkeit der Dalai Lama und beten für sein langes Leben. Der diesjährige Maha Guru Bumstok findet vom 30. Mai bis 01. Juni statt. Wir sind sehr geehrt, dass der Ehrwürdige Kabje Ontul Rinpoche der Drikung Kagyü Tradition des tibetischen Buddismus die Zeremonie leiten wird. Wir bedanken uns bei den freiwilligen Helfern & die für die jeweils grosszügigen Spendern.

Ort: Auenhalle Aarau Rohr, Hinterdorfstrasse 21, 5032 Aarau

Kontakt:
Prasident: norbu.tsamda@hispeed.ch
Vizeprasident: phuentsok.chokchampa@bluewin.ch

Go back

Upcoming Events

2024-12-05 – 2024-12-09

Monday, 2025-03-10

Unofficial/Private Events