Celebration of His Holiness's 86th Birthday in Tibet Institute Rikon (Rikon Gonpa)

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༦ ལ་ཕེབས་པའི་སྐུའི་འཁྲུངས་སྐར། རི་ཀོན་ཆོས་འཁོར་དགོན་དུ་མཁན་རིན་པོ་ཆེ་མཆོག་དང་དགེ་འདུན་པ་རྣམ་པས་དབུ་བཞུགས་ཐོག་གདན་ཞུ་ཕུལ་བའི་མཛད་གཙོ་རྣམ་པས་སྲུང་བརྩི་གནང་རྒྱུ།

༄༅།། རང་ཅག་གངས་ཅན་པ་ཡོངས་ཀྱི་མགོན་སྐྱབས་དཔུང་གཉེན་བླ་ན་མ་མཆིས་པའི་དབུ་ཁྲིད། འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་དགུང་གྲངས་ ༨༦ ལ་ཕེབས་པའི་སྐུའི་འཁྲུངས་སྐར་རི་ཀོན་ཆོས་འཁོར་དགོན་དུ་ཕྱི་ལོ་ ༢༠༢༡ ཟླ་ ༧ ཚེས་ ༦ ཉིན་སྲུང་བརྩི་གནང་རྒྱུ་དང། དེ་ཡང་སུད་སིའི་གཞུང་གི་ད་ལྟའི་ཏོག་དབྱིབས་ནད་ཡམས་དང་འབྲེལ་མི་མང་ལྷན་འཛོམས་སྐབས་འཕྲོད་བསྟེན་གྱི་ལམ་སྟོན་དང་མཉམ་ཞུགས་གནང་མཁན་དབར་བར་ཐག་ ༼Social Distancing༽ དགོས་པའི་སྒྲིག་ཁྲིམས་ཡོད་བ་བཞིན། རི་ཀོན་མཆོད་འཁོར་དགོན་གྱི་འདུ་ཁང་ནང་མི་གྲངས་ ༣༦ ལྷག་ལྷན་འཛོམས་གནང་ཆོག་གི་མེད་པ་མ་ཟད། དགོན་པའི་ཕྱི་རུ་ཡང་མི་མང་ཉུང་ཤས་མ་གཏོགས་ལྷན་འཛོམས་གནང་ས་མེད་པས། ད་ལོའི་སྐུའི་འཁྲུངས་སྐར་རི་ཀོན་མཆོད་འཁོར་དགོན་དུ་མཁན་རིན་པོ་མཆོག་དང་དགེ་འདུན་པ་རྣམ་པས་དབུ་བཞུགས་ཐོག་གདན་ཞུ་ཕུལ་བའི་མཛད་གཙོ་རྣམ་པས་སྲུང་བརྩི་གནང་རྒྱུ་དང་། གོང་དུ་གསལ་བཤད་ཞུས་པ་བཞིན་དེ་ཉིན་མི་མང་ནས་ལྷན་ཞུགས་གནང་རྒྱུའི་ཆ་རྐྱེན་འགྲིག་གི་མེད་པས་བོད་རིགས་མི་མང་གི་ཚོགས་གཙོ་ཚོགས་གཞོན་ས་གནས་འཐུས་མི་ནས་མི་མང་གི་སྐུ་ཚབ་ཞུས་ཏེ་མཛད་སྒོར་ལྷན་ཞུགས་གནང་རྒྱུ་ཡིན་ན་དེ་དོན་དགོངས་འཇགས་ཡོང་བ་འཚལ། སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་སྒྲིག་འཛུགས་ནས་ཕྱི་ལོ་ ༢༠༢༡ ཟླ་ ༧ ཚེས་ ༢ ཉིན།

སུད་སི་གཞུང་གི་ད་ལྟའི་ཏོག་དབྱིབས་ནད་ཡམས་དང་འབྲེལ་བའི་སྒྲིག་ཁྲིམས་དང་འཕྲོད་བསྟེན་གྱི་ལམ་སྟོན་གཞིར་བཟུང་སྟེ། ད་ལོའི་ས་གནས་བྷུའི་ལག་གྲོང་སྡེའི་ཚོགས་ཁང་ཆེན་མོའི་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་གྱི་མཛད་སྒོ་གོ་སྒྲིག་གནང་རྒྱུ་མིན་པའི་གསལ་བསྒྲགས་སུ།

Go back

Upcoming Events

Unofficial/Private Events