༄༅།། འཛམ་གླིང་ཞི་བདེ་དེད་དཔོན་སྤྱི་ནོར་གོང་ས་སྐྱབས་མགོན་མཚོག་དགུང་ལོ་༩༠ ལ་སོན་པའི་སྐུའི་གོ་སྟོན་LUZERN་ནས་སྲུང་གཙི་གནང་པའི༼་ཉིན་དང་པོ༽།

སྤྱི་ལོ་༢༠༢༥་ལོའི་ཟླ་༧་པའི་ཚེས་༥་དང་༦་ཉིན་གཉིས་རིང་སུད་སི་དང་ལིག་ཏེན་སིཏན་བོད་རིགས་མི་མང་སྒྲིག་འཛུགས་ནས་བཀོད་སྒྲིག་གནང་སོང་། མཛད་རིམ་གྱི་ཐོག་མ་རི་ཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་གཙོ་བྱས་པའི་དགེ་འདུན་པ་རྣམ་ཀྱིས་༧རྒྱལ་བའི་སྐུ་ཚེ་བརྟན་པའི་སྨོན་ལམ་གནངས་སོང་།དེ་དང་མཉམ་དུ་མི་མང་ལ་འབྲས་སིལ་གསོལ་ཇ་འདེགས་འབུལ་བྱས་རྗེས་སུད་སི་དང་ལིག་ཏེན་སིཏན་བོད་རིགས་མི་མང་སྒྲིག་འཛུགས་ཀྱི་ཚོགས་གཙོ་དངོས་གྲུབ་རྒྱ་མཚོ་མཆོག་ནས་ཕེབས་བསུའི་གསུངས་བཤད་གནང་དོན།

ད་ལྟ་གཏམ་བཟང་ཞིག་ཞུ་རྒྱུ་ནི་་ཉིན་ཤས་སྔོན་༧གོང་ས་མཆོག་གིས་་ཁོང་གི་ཡང་སྲིད་ཕེབས་རྒྱུ་ཡིན་པའི་བཀའ་སློབ་གནང་བནི་ཧ་ཅང་གིས་དགའ་འོས་གཏམ་བཟང་ཞིག་རེད།

དེ་རིང་གིི་དུས་བཟང་འདི་ཁྱད་དུ་འཕགས་པའི་དུས་བཟང་ཞིག་རེད། གོང་ས་མཆོག་དགུང་གྲངས་༩༠ལ་བཞེས་པའི་དགའ་སྟོན་གྱི་དུས་བཟང་བསུ་བའི་གོ་སྐབས་བྱུང་པ་རེད། གུས་པས་ཉེ་ཆར་ནས་༧གོང་ས་མཆོག་གིས་བོད་ཆོལ་ཁ་གསུམ་མཐུན་སྒྲིལ་བྱེད་དགོས་པའི་བཀའ་སློབ་ཐེངས་མང་གསུངས་པ་ཐོས་བྱུང་། ད་ནི་མཐུན་སྒྲིལ་གྱི་སྐོར་ང་ཚོ་་ཚང་མས་ངེས་པར་དུ་དོ་སྣང་བྱེད་དགོས་ཀྱི་འདུག

མཐུན་སྒྲིལ་ནི་བླ་མའི་བཀའ། མཐུན་སྒྲིལ་ནི་རྒྱལ་ཁའི་རྒྱལ་ཁ་ཡིན་པས་ང་ཚོས་མཐུན་སྒྲིལ་གྱི་སྐོར་འཐུས་ཤོར་འགྲོ་གི་ཡོད་པའི་སེམས་ཁུར་ཡོད།

ང་ཚོས་ཀྱང་གོང་ས་མཆོག་གི་འཁྲུངས་སྐར་ལ་ལེགས་སྐྱེས་རྩ་ཆེ་ཤོས་དང་ལས་སླ་ཤོས་དེ་ནི་མཐུན་སྒྲིལ་བྱེད་རྒྱུ་དེ་རེད། མཐུན་སྒྲིལ་མི་འདུག་ཞུ་གི་མེད། འོན་ཀྱང་མཐུན་སྒྲིལ་ནི་འབོད་སྒྲ་ཙམ་མ་ཡིན་པར་ལག་ལེན་ལ་་ངེས་པར་དུ་གནང་དགོས་པ་ཞིག་རེད།

དེ་རིང་ས་གནས་ཀྱི་འཁྲུངས་སྐར་ཉིན་རྨོ་རྨོ་དགུང་གྲངས་༡༠༣ལ་སོན་པ་ཞིག་ལ་མཇལ་བྱུང་།དེར་་ང་ལ་ཚོར་བ་ཆེན་པོ་བྱུང་། རྟགས་དང་རྟེན་འབྲེལ་འགྲིགས་པ་རེད་བསམ་བྱུང་།

སུད་སི་ནང་ད་ལྟ་བོད་ཡིག་སློབ་གྲྭ་༢༦་ཙམ་ཡོད་པ་དང་བོད་ཀྱི་སྐད་ཡིག་དང་རིག་གཞུང་མི་ཉམས་རྒྱུད་འཛིན་བྱེད་ཐུབ་གི་ཡོད། ང་ཚོས་བོད་ཀྱི་ཆོས་དང་སྐད་ཡིག རིག་གཞུང་རྒྱུད་འཛིན་བྱེད་མཁན་རྣམ་ལ་ཆེ་མཐོང་དང་བདག་གཅེས་བྱེད་རྒྱུ་དེེ་གལ་ཆེན་པོ་རེད་ཅེས་གསུང་སོང་༽།

དེ་ནས་སུད་སི་ཟློས་གར་ཚོགས་པ་ནས་ལྷ་མོའི་འཁྲབ་གཞུང་དང་བོད་ཡིག་སློབ་གྲྭ་མང་པོ་ཞིག་ནས་གོ་སྟོན་ལ་གཞས་དང་ཞབས་བྲོའི་མཆོད་པ་གྱ་ནོམ་པ་ཞིག་ཕུལ་སོང་།

མཐའ་མ་དེར་སུད་སི་དང་ལིག་ཏེན་སིཏན་བོད་རིགས་མི་མང་སྒྲིག་འཛུགས་ཀྱི་ཚོགས་གཞོན་སྐལ་བཟང་རྣམ་རྒྱལ་ནས་ཐུགས་རྗེ་ཆེ་གསུངས་བཤད་གནང་དོན། ས་གནས་རོ་ཏེ་ཚེ་བརྟན་དང་དབྱངས་ཅན་གཉིས་ནས་དེ་རིང་གི་འབྲས་སོལ་དང་གསོལ་ཇ་ཡི་སྦྱིན་བདག་གནང་སོང་བས་ཐུགས་རྗེ་ཆེ་ཞུས་སོང་།

ཚེ་རིང་ཐེབས་རྩ་ཚོགས་པ་ནས་༧གོང་ས་མཆོག་དགུང་གྲངས་༩༠་ལ་སོན་པའི་རྟེན་འབྲེལ་གྱི་ཤིས་ཚིག་སུད་སི་ཡི་ཚགས་པར་གསུམ་ནང་ཁྱབ་བསྒྲགས་གནང་བའི་སྦྱིན་བདག་གནང་སོང་བས་ཐུགས་རྗེ་ཆེ་ཞུས་སོང་།

བསྟན་འཛིན་མོག་མོག་ནས་དེ་རིང་མོག་མོག་སྡེར་མ་༡༥༠༠་ཡི་སྦྱིན་བདག་གནང་བར་ཐུགས་རྗེ་ཆེ་ཞུས་སོང་། མཐའ་མ་དེར་མི་མང་སྐོར་གཞས་འཁྲབ་ནས་སྟ་གོན་གྱི་ཉིན་དང་པོ་དེ་བཀྲ་ཤི་བདེ་ལེགས་ངང་མཇུག་སྒྲིལ་སོང་།

 

གསར་འགོད་པ་དབང་གྲགས་ཀྱིས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

6 དང་ 6 སྡོམས་རོགས།