Rebbucksaal in Effretikon ་ནང་དུ་མཉམ་འཛོམས།

ལོ་སར་དུས་ཆེན་ནི་བོད་གནའ་རབས་ནས་དར་བའི་འཚོ་གནས་ཀྱི་ལུགས་སྲོལ་གལ་ཆེན་ཞིག་ཡིན་ལ། ལོ་རེར་ལོ་སར་བའི་སྐབས་སུ་ནང་མི་ལྷན་འཛོམས་དང་རྒན་རབས་པར་གུས་བཀུར།  ཆུང་བར་བྱམས་སྐྱོང་དམིགས་བསལ་བ་བྱེད་སྲོལ་ཡོད་པ་ནི་འཛམ་གླིང་གི་ཡུལ་གྲུར་གང་སར་ཡོད་པའི་རང་ཅག་གངས་ཅན་པ་རྣམས་ཀྱི་གཤིས་སུ་གྲུབ་པའི་ལོ་སར་རོལ་སྟངས་ཤིག་ཡིན།

དེ་བས་རང་ཅག་གི་ཚོགས་ཆུང་ཕོ་ཁེད་སི་ཝིལ་གྱིས་བོད་རྒྱལ་ལོ་༢༠༣༤་རབ་གནས་མེ་སྤྲེལ་ལོའི་ལོ་གསར་བའི་མཉམ་འཛོམས་ཤིག་ཟླ་འདིའི་ཚེས་༡༣་ཉིན་ས་གནས་ Rebbucksaal in Effretikon ་ནང་དུ་མཉམ་འཛོམས་གོ་སྒྲིག་གནང་། ལྷན་འཛོམས་སྐབས་ཀྱི་སྐུ་མགྲོན་གཙོ་བོ་རི་ཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་དང་དགེ་བཤེས་སྦྱིན་པ་རབ་བརྟན་རྣམ་པ་གཉིས་གཙོས་ཚོགས་ཆུང་གི་འཐུས་མི་ཟུར་བ་རྣམ་པ་དང་ཚོགས་མི་རྒན་གཞོན་གྲངས་༨༠་ལྷག་ཅིག་མཉམ་འཛོམས་ཀྱིས་ལོ་གསར་བརྩི་སྲུང་བྱས།

མཛད་སྒོ་དབུ་འཛུགས་མ་གནང་སྔོན་དུ་མཁན་རིན་པོ་ཆེས་དབུ་མཛད་ནས་༧རྒྱལ་བའི་ཞབས་རིམ་གསོག་སྒྲུབ་གནང་བ་དང་ལོ་གསར་སྐོར་ལ་བཀའ་སློབ་གསུང་བཤད་གནང་། མཐར་ཚོགས་ཆུང་གིས་གོ་སྒྲིག་ལྟར་ཚོགས་མི་རྒན་རབས་པ་གཉིས་ད་ལོར་དགུང་ལོ་བརྒྱ་ཅུ་ཕེབས་པའི་བཀྲ་ཤིས་སྨོན་འདུན་གྱི་ཁ་བཏགས་གཡོགས།

མཐར་ཚོགས་ཆུང་གི་བོད་ཡིག་སློབ་གྲྭའི་སློབ་མ་དང་གླུ་གཞས་ལ་དགའ་མོས་ཡོད་མཁན་ཁག་ཅིག་གིས་༧རྒྱལ་བའི་བསྟོད་པའི་གླུ་གཞས་མི་མང་ལ་གཟིགས་འབུལ་ཞུས་པ་དང་། སྐོར་བྲོ་སོགས་འཁྲབ་ནས་དགའ་སྐྱིད་ལྡན་པའི་ལོ་གསར་ལ་རོལ་བ་སོགས་ས་གནས་གསར་འགྱུར་གྱི་ཚུལ་དུ་བཀོད་པའོ།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

1 དང་ 6 སམས་རགས།