དེ་རིང་ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༡༩ ཉིན་བོད་མིའི་སྤྱི་ཚོགས་ཡར་རྒྱས་ཀྱི་ཆེད་གོམ་པ་དང་པོའི་རྣམ་པ་མཚོན་པའི་ལས་འགུལ་༼ Projeckt: Motivation 2013༽
ཟེར་བ་ཞིག་ཚོགས་ཆུང་ནས་དབུ་འཛུགས་ཞུས་ཡོད།།                   
                             དམིགས་ཡུལ། བོད་མི་སྤྱི་ཚོགས་ཡར་རྒྱས།
བོད་མི་སྤྱི་ཚོགས་ཡར་རྒྱས་ཟེར་བ་དེ།     དཔལ་བྱོར་ཡར་རྒྱས། ཤེས་ཡོན་ཡར་རྒྱས། མི་རིགས་ནང་མཐུན་སྒྲིལ་ཡར་རྒྱས། བོད་མི་རྣམས་རང་གི་མི་རིགས་དང་རྒྱལ་ཁབ་ལར་ཞེན་ཡོད་ན་སྤྱི་ཚོགས་ཡར་རྒྱས་རང་བཞིན་གི་འགྲོ་གི་ཡོད་པ་སོང་ཙང།
 ཚོགས་ཆུང་ནང་ཤེས་ཡོན་ཡར་རྒྱས་གཏོང་སའི་སྡིངས་ཆ་ཞིག་བསྐྲུན་ཆེད་དུ་ཡིན། དཔེར་ན། གློག་ཀླད་རང་ལ་ཡོད་ཀྱང་བེད་སྤྱོད་ཡང་དག་པ་གཏོང་མ་ཤེས་པ་ལྟ་བུ།   བོད་ཡིག་ཤེས་ཀྱང་སུམ་རྟགས་དག་གསུམ་གྱི་འགྲོ་སྟངས་ཡག་པོ་མེད་པ་ལྟ་བུ། ཡུལ་དེའི་ནང་ཡོད་ཀྱང་ཡུལ་སྐད་མ་ཤེས་པ་ལྟ་བུའི་དཀའ་ངལ་གསེལ་རྒྱུ་དེ་གལ་ཆེན་ཞིག་ལ་ངོས་འཛིན་ཞུ་བའི་
ཐོག་སྡིངས་ཆ་དེ་བཟོས་པ་ཡིན།
                                               གློག་ཀླད་སློབ་ཚན།
གློག་ཀླད་ཀྱི་འབྱུང་ཁུངས་དང་ངོ་བོ། གློག་ཀླད་ཀྱི་ངོ་སྤྲོད་དང་དེ་ཐོག་སྦྱོང་བརྡར་
(Basic Computer course)ཐོགས་སྦྱོང་དར། (microsoft words Excel powerpoint)སོགས་སྦྱོང་བརྡར་གཟབ་རྒྱས་གནང་རྒྱུ། TCRC བོད་ཡིག་དང་དབྱིན་ཡིག་(Typing speed)འབྲི་སྟངས་ཐོག་གཟབ་རྒྱས་སྦྱོང་རྒྱུ།
                                               བོད་ཡིག་སློབ་ཚན།
སུམ་རྟགས་དག་གསུམ་དང་སྙན་ངག་ཡར་རྒྱས་གཏོང་རྒྱུ་དང་རྒྱུན་སྤྱོད་ཡིག་རིགས་ལ་སོགས་གང་ཅིའི་ཐོག་ཟབ་སྦྱོང་ལྷུག་པོ་གནང་རྒྱུ།
                             འཇར་མན་སྐད་ཡིག་སློབ་ཚན།
འཇར་མན་སྐད་དང་ཡི་གེ་རིམ་བཞིན་ཡར་རྒྱས་དང་སྦྱོང་བརྡར་ལྷུག་པོ་གནང་རྒྱུ།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

6 དང་ 3 སམས་རགས།