སུད་སི་ས་གནས་ཁག་ནང་སྐབས་༣བཀའ་ཁྲི་མཆོག་དང་སྐབས་༡༤པའི་ཡོ་རོབ་སྤྱི་འཐུས་འོས་འདེམས་གནང་པ།

དེ་རིང་སྟེ་ཕྱི་ལོ་ ༢༠༡༡ ཕྱི་ཟླ་ ༣ ཚེས་ ༢༠ ཉིན་ནི་འཛམ་གླིང་གང་སར་བཞུགས་པའི་བོད་རིགས་སྤུན་ཟླ་རྣམས་ཀྱིས་རང་གི་ཆབ་སྲིད་ཀྱི་དབུ་འཁྲིད་འོས་འདེམས་བྱེད་པའི་ཉི་མོ་ཞིག་ཡིན་སྟབས་རང་རིགས་མང་པོས་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་གོ་སྐབས་དང་ཉི་མ་འདི་བཞིན་རྩ་ཆེར་འཛིན་སྟེ་རང་ཉིད་ཀྱི་ཐོབ་ཐང་དང་གོ་སྐབས་གཉིས་ལོངས་སུ་སྤྱོད་བཞིན་ཡོད་པ་ནི་སྨྲོས་མི་དགོས་པ་ཞིག་རེད། འདི་ག་སུད་སི་དང་ལེཀ་ཊེན་སྤྲཡན་བོད་རིགས་མི་མང་མངའ་སྡེའི་ནང་བཅའ་བཞུགས་བོད་རིགས་སྤུན་ཟླ་རྣམས་ཀྱིས་ཀྱང་རང་ཉིད་ཀྱི་ལས་དབང་དང་ཐད་ཀར་འབྲེལ་བའི་འོས་བསྡུའི་ལས་རིམ་དེར་འཛུལ་ཞུགས་ཀྱིས་རང་ཉིད་ཀྱི་མངོན་འདོད་དང་མཐུན་པའི་བཀའ་སྤྱི་གཉིས་ཀ་འོས་འདེམས་གནང་ཡོད། ས་གནས་འགའ་ཞིག་ཏུ་ད་ལེན་དམིགས་བསལ་གྱི་ཡོ་རོབ་བོད་དོན་རྒྱབ་བསྐྱོར་ཚོགས་པའི་ཚོགས་གཙོས་དབུས་ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་མི་ཁག་དང་གཞུང་འབྲེལ་མིན་པས་ཚོགས་སྡེ་ཁག་གི་སྐུ་ཚབ་གཅིག་ ཨེཡི་སི་ཀྲི་ སྐུ་ཚབ་ལ་སོགས་མི་སྣ་གལ་ཆེ་ཁག་ཆེད་བཙན་འབྱོལ་བོད་མིའི་འོས་བསྡུའི་ཉམས་གཞིགས་ཏུ་ཕེབས་གནང་ཡོད་པ་རེད་འདུག འདྲ་པར་་་

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

1 དང་ 8 སམས་རགས།