ས་གནས་ཚོགས་ཆུང་ཧོར་གྷན་བོད་རིགས་མི་མང་གི་སྔར་རྒྱུན་བཞིན་འདི་ལོའི་ལོ་གསར་གྱི་ལྷན་འཛོམས་དུས་ཆེན།

༄༅། །སུད་སི་དང་ལེཀ་ཊེན་སྤྲཡན་བོད་རིགས་མི་མང་ས་གནས་ཚོགས་ཆུང་ཧོར་གྷན་བོད་རིགས་མི་མང་གི་སྔར་རྒྱུན་བཞིན་འདི་ལོའི་ལོ་གསར་གྱི་ལྷན་འཛོམས་དུས་ཆེན་འདི་ས་གནས་ཀྱི་སློབ་གྲྭའི་ཚོགས་ཁང་ནང་གོ་སྒྲིག་ཞུས་ཡོད་པ་རེད།
ཐོག་མར་ཞོགས་པ་ཚོུད་༡༠ཐོག་བོད་ཀྱི་བླ་ན་མེད་པའི་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་གདན་འདྲེན་ཞུས་པ་དང་མང་ཚོགས་ནས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་གཏང་གནང་། ༸གོང་ས་མཆོག་སྐུ་ཚེ་ཞབས་པད་བརྟན་པའི་ཆེད་གསོལ་བ་རྩེ་གཅིག་ཏུ་འདེབས་པས་ཐོག་༸རྒྱལ་བའི་ཞབས་བརྟན་གདོན་གནང་པ་དང་། སྐུ་གཤེགས་འཇིག་མེད་ནོར་བུ་ལགས་ཀྱི་ཆེད་དེ་བཞིན་ཉེ་ཧོང་དུ་རྐྱེན་འདས་བྱུང་པ་དང་ སླད་འབྱུང་ཁམས་བར་ཆད་ལ་སོགས་མི་ཡོང་བས་ཆེད་སློབ་དཔོན་རིན་པོ་ཆེར་གསོལ་སྨོན་ཞུས་པས་ཐོག་བནྫ་གུ་རུ་བསོགས་སྒྲུབ་ཞུས་པ་དང་། འཕགས་པ་སྤྱན་རས་གཟིགས་ཀྱི་མཚན་སྔགས་མ་ནི་ཡིག་དྲུག་དེ་བཞིན་འཕགས་མ་སྒྲོལ་མའི་མཚན་སྔགས་བཅས་བསོགས་སྒྲུབ་ཞུས་ནས་གསོལ་ཇ་ཞལ་འབྲས་དང་སྐུ་པར་མཇལ་ཁ་བཅས་ཞུས་ཡོད་པ་རེད། ཉིན་རྒྱབ་མང་ཚོགས་ལ་བོད་ཀྱི་གློག་བརྙན་སྣ་ཚོགས་གཟིགས་འབུལ་ཞུས་པ་དང་། ཕྲུ་གུའི་རྩེད་རིགས་སྣ་ཚོགས་བརྩེས་གནང་རྗེས་དགོང་དྲོའི་གསོལ་ཚིག་གཏང་གནང་། དེ་རྗེས་དགོང་དྲོའི་མཛད་རིམ་དབུ་འཛུགས་བགྱིས་ནས་ས་གནས་ཧོར་གྷན་ཟློས་གར་ནས་ཞབས་གཞས་དང་ ས་གནས་བོད་ཡིག་སློབ་གྲྭའི་ཞབས་གཞས་ རང་མོས་ཀྱི་གསུངས་གཞས་སྣ་ཚོགས་བཅས་གཏང་གནང་རྗེས་ ས་གནས་ཀྱི་སྤྱི་པའི་འགན་ཁུར་པ་རྣམས་དང་ལས་ཟུར་པ་ཁག་ལ་ལས་ཐོག་འཐུས་མིས་ཕྱག་རྟགས་གནང་པ་དང་་ཐུགས་རྗེ་ཆེ་ཞུའི་མཇལ་དར་བཅས་གནང་ནས་རེས་གཟའ་སྤེན་པའི་ཉིན་ཕྱི་ནང་མི་མང་ ༣༠༠ ལྷག་ལྷན་འཛོམས་ཀྱིས་མཛད་རིམ་ཚོུད་ ༡༢ ཡོ་ཙམ་ལ་ལེགས་སྒྲུབས་བྱུང་ཡོད་པ་རེད། རེས་གཟའ་ཉི་མའི་ཉིན་གྱི་ཞོགས་པ་ཚོུད་༩པ་ནས་ས་གནས་ཝེ་ལྡེནསི་ཝིལ་དང་ཧོར་གྷན་གཉིས་ཀྱི་བཀའ་ཁྲི་དང་ཡོ་རོབ་སྤྱི་འཐུས་གཉིས་ཀྱི་འོས་བསྡུ་གནང་པ་དང་ རིམ་བཞིན་མང་ཚོགས་སྤྲོ་སྐྱིད་གནང་ནས་ཉིན་རྒྱབ་ཚོུད་༤པ་ཡོལ་ཙམ་ལ་མཛད་རིམ་ཁག་ལེགས་སྒྲུབ་བྱུང་ཡོད་པ་རེད། འདྲ་པར་་་

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

1 དང་ 6 སམས་རགས།